༄༅། །ཞི་ཅིན་ཕིང་གིས་གཟུགས་ལམ་བརྒྱུད་ནས་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་འབུལ་རྒྱུ་རེད།
| 2021-09-24 | 分享: |

ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་པེ་ཅིན་དུ་འཚོག་རྒྱུ་རེད་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟུགས་ལམ་བརྒྱུད་དེ་འགོ་ཚུགས་མཛད་སྒོར་ཤིས་ཚིག་འབུལ་རྒྱུ་རེད།
སྐབས་དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྣ་འཛོམས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ། ནོར་སྲིད་དཔལ་འབྱོར་འཕྲིན་ལམ། དྭངས་གསལ་འཕྲིན་ལམ། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ཁང་གི་ཕྱི་སྐད་འཕྲིན་ལམ་སོ་སོ། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་གི་ཀྲུང་གོའི་རང་སྒྲ། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་འཛམ་གླིང་ཆ་འཕྲིན་རླུང་འཕྲིན་སོགས་འཕྲིན་ལམ་གྱིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་རེད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཟུགས་ལམ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲ་བ་སོགས་ཀྲུང་དབྱང་གི་འཕྲིན་སྦྱོར་གཙོ་བོའི་སྤྱི་སྟེགས་ཀྱིས་ཀྱང་དུས་མཉམ་དུ་ཐད་གཏོང་བརྒྱུད་བསྒྲགས་བྱ་རྒྱུ་རེད།




