སྟོབས་རྒྱལ་གྱིས་ཡང་བསྐྱར་གསེར་གྱི་རྟགས་མ་ཞིག་བླངས་འདུག
| 2021-09-25 来源:ཀྲུང་གོའི་བོད་སྐད་རླང་འཕྲིན་དྲ་བ། | 分享: |
སྤྱི་ཟླ་9པའི་ཚེས་23ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་5000གི་རིང་རྒྱུག་རྟིང་རྩོད་འགྲན་བསྡུར་མཇུག་འགྲིལ་ཡོད། ཉིན་ཤས་གོང་སྐྱེས་པའི་སྨི་ཁྲི་1གི་རིང་རྒྱུག་རྟིང་རྩོད་འགྲན་བསྡུར་ནང་ཨང་དང་པོ་ལེན་མཁན་བོད་རིགས་ཕོ་གཞོན་སྟོབས་རྒྱལ་གྱིས་ཡང་བསྐྱར་འགྲན་བསྡུར་རྣམ་གྲངས་དེའི་ནང་སྐར་མ་13དང་སྐར་ཆ་49 སྐར་ཚེགས་16གི་གྲུབ་འབྲས་ཐོག་ནས། སླར་ཡང་བོད་ལྗོངས་རུ་ཁག་ལ་གསེར་གྱི་རྟགས་མ་ཞིག་བླངས་ཡོད་པ་རེད།
དེ་ནི་བོད་ལྗོངས་རུ་ཁག་ལ་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དང་། བྱ་དགའི་རྟགས་མ་ལྔ་པ་དེ་རེད། ང་ཚོས་ཡང་བསྐྱར་སྟོབས་རྒྱལ་དང་། བོད་ལྗོངས་རུ་ཁག་ལ་བཀྲ་ཤིས་བདེ་ལེགས་ཞུ།




