སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭའི་བུ་དང་བུ་མོས་ལག་རྡང་མཉམ་དུ་སྦྲེལ་ནས་བགྲོད་ལམ་གསར་པའི་ཐོག་སྐྱོད་པར་སྐུལ་མ་བྱེད།
| 2021-10-11 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭའི་བུ་དང་བུ་མོས་ལག་རྡང་མཉམ་དུ་སྦྲེལ་ནས་བགྲོད་ལམ་གསར་པའི་ཐོག་སྐྱོད་པར་སྐུལ་མ་བྱེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་མི་སྣ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བཞག་པའི་ལོ་རྒྱུས་བྱས་རྗེས་གལ་ཆེན་ལ་ཕྱོགས་བསྡོམས་ཟབ་མོ་གནང་བ་དང་། རྒྱལ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་རྫོགས་ཀྱིས་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་གྲུབ་ཆེད་མུ་མཐུད་ནས་འབད་བརྩོན་བྱ་དགོས་པའི་སྐུལ་སློང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གི་དོ་སྣང་ཆེན་པོ་ཐོབ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ལྕགས་ཕག་ལོའི་གསར་བརྗེའི་ལོ་རྒྱུས་དོན་སྙིང་དང་མི་རིགས་བསྐྱར་དར་གཏོང་བའི་རྩ་བའི་ལམ་ཕྱོགས་གསལ་བཤད་ཟབ་མོ་བྱས་ཡོད་ལ། བུ་དང་བུ་མོ་ཁྲི་ཁྲི་འབུམ་འབུམ་གྱིས་སྔོན་བྱོན་གྱི་ཕུགས་འདུན་འཛིན་སྐྱོང་བྱས་ནས་མུ་མཐུད་ནས་མཐུན་སྒྲིལ་འབད་བརྩོན་བྱེད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་མུ་མཐུད་ནས་སྒྲུབ་པར་སྐུལ་སློང་བྱ་རྒྱུ་རེད་ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་མི་སྣ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ལོ་རྒྱུས་བྱ་གཞག་རླབས་ཆེན་བསྒྲུབས་པས་ཇི་སྲིད་བར་དུ་གྲགས། ལྕགས་ཕག་ལོའི་གསར་བརྗེ་ནི་ནམ་ཡང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་བའི་བགྲོད་ལམ་ཐོག་གི་ཀྲོང་ངེར་ལང་པའི་ལམ་ཚད་རྡོ་རིང་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་མི་ཡིས་སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་མི་སྣ་ཡི་ཕུགས་འདུན་རླབས་ཆེན་རྒྱུན་མི་ཆད་པར་གྲུབ་པ་དང་འཕེལ་རྒྱས་བཏང་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་བ་དེ་ཟློག་ཐབས་མེད་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་སྐྱོད་ཡོད་ཅེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྱོན་ཡོངས་ནས་ཕྱིར་དྲན་དང་ཕྱོགས་བསྡོམས་ཟབ་མོ་བྱས་ནས། ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་མི་སྣའི་རྗེས་རབས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་སྤུན་ཟླ་བཅས་ཚང་མས་ལོ་རྒྱུས་ལ་དཔེ་ལྟ་དང་མ་འོངས་གཏོད་པའི་འབད་བརྩོན་ཆེ་བའི་ཡིད་ཆེས་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་ཉམས་སུ་མྱོང་བཅུག་ཡོད།
ཧོང་ཞིང་གི་ཚ་བོ་ཁན་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་ལྕགས་ཕག་ལོའི་གསར་བརྗེ་ནི་ལམ་ཚད་རྡོ་རིང་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། འདི་ནི་གདེང་འཇོག་ཧ་ཅང་མཐོན་པོ་ཞིག་རེད། ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པའི་རྒྱུད་པ་ཡིན་པའི་ངོས་ནས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།
སུན་ཀྲུང་ཧྲན་གྱི་ཚ་བོ་སུན་པི་ཏཱ་ཡིས་ད་ལྟ་རྒྱལ་ཁབ་དར་རྒྱས་གོང་འཕེལ་བྱུང་བ་དེ་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐབས་དེར་བཏོན་གནང་བའི་རྒྱལ་ཁབ་འཛུགས་པའི་ཇུས་གཞི་ཐོག་བཏོན་པའི་ཕུགས་བསམ་ལས་རྦད་དེ་བརྒལ་ཡོད་པ་རེད། གུང་ཁྲན་ཏང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ནས་ཀྲུང་གོ་འཛུགས་སྐྲུན་ཡག་པོ་བྱས་ཡོད་ཅེས་བཤད།
ཞང་ཀང་ཞིན་ཧྭ་ཚོགས་ཁག་གི་ཀྲུའུ་ཞི་ཚའེ་ཀོན་ཧྲེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ས་ནི་མི་གཞི་རྩ་འཛིན་ན་མི་དམངས་ལ་ཕན་བདེ་གཉེར་བ་དེ་རེད་ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་མདུན་དུ་སྐྱོད་པའི་སྟོབས་ཤུགས་བརྟན་པོ་ཞིག་ཡོད་དགོས། སྟོབས་ཤུགས་བརྟན་པོ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་ཉག་ཅིག་ཡིན་ཞེས་གསུངས། ལས་རིགས་ཁག་གི་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གཏིང་ཟབ་ལས་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་གང་ཞིག་ཡིན་པ་སླར་ཡང་གསལ་བཤད་བྱས་པ་དང་། མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བཤད་པ་རེད།
ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཙུང་ཀྲེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་ལས་དོན་ཚང་མ་མི་དམངས་ལ་དམིགས་ནས་སྒྲུབ་པ་མ་ཟད། མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་དོན་གཉེར་བྱ་རྒྱུ་དེ་ཏང་གི་ལས་དོན་མཐའ་དག་གི་ལྟེ་བར་བརྩི་གི་ཡོད་ཅེས་བཤད།
ཝུའུ་ཧན་སློབ་ཆེན་རྒྱལ་ཁབ་རིག་གནས་འཕེལ་རྒྱས་ཞིབ་འཇུག་ཁང་གི་འགོ་འཛིན། དགེ་རྒན་ཆེན་མོ་ཧྥུའུ་ཚའེ་ཝུའུ་ཡིས། ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱིས་༡༨༤༠ལོ་ནས་བཟུང་ཐོག་མཐའ་བར་གསུམ་དུ་འཚོལ་ཞིབ་བྱེད་བཞིན་པའི་དེང་རབས་ཅན་གྱི་འགྲོ་ལམ་གྱི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱ་ཆེའི་ཞིང་པ་དང་། བཟོ་པའི་གྲལ་རིམ། དེ་བཞིན་རྒྱ་ཆེའི་རྒྱལ་གཅེས་མི་སྣའི་ཁྲོད་ཀྱི་གསར་བརྗེའི་རང་བཞིན་གྱི་སྟོབས་ཤུགས་དེ་རིགས་སྐུལ་སློང་བྱས་ཏེ་གནམ་སར་བསྒྱུར་བ་དང་མཚོ་ཁར་འབུད་པའི་གསར་བརྗེའི་སྟོབས་ཤུགས་ཧ་ཅང་ཆེན་པོར་གྱུར་ཡོད་ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ངེས་པར་དུ་སྐྱིད་སྡུག་མཉམ་མྱོངས་བྱ་དགོས་པ་དང་། མཐུན་སྒྲིལ་ལ་བརྟེན་ནས་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཤིང་། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་ལས་འགན་ངེས་པར་དུ་མངོན་འགྱུར་བྱ་དགོས་ལ། མངོན་འགྱུར་ཡང་བྱེད་ཐུབ་ངེས་ཡིན་ཞེས་ནན་གསུང་གནང་བ་རེད།
ཚང་མས། ལྕགས་ཕག་ལོའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས། དུས་རབས་གསར་པའི་འགན་འཁྲི་ཕྲག་ལ་ལེན་ཕོད་དགོས་ཤིང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་སྟོབས་ཤུགས་ཆེན་པོ་ཕྱོགས་བསྡུས་བྱེད་དགོས་ཞེས་བཤད་པ་རེད།
ཐའེ་ཝན་ཀྲུང་ཧྭ་ན་གཞོན་འཕེལ་རྒྱས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་འཛིན་ཝང་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་དམིགས་སུ་བཀར་ནས། རང་གི་མེས་པོའི་ལོ་རྒྱུས་ལ་རྨོངས་པ་དང་མེས་རྒྱལ་ལ་རྒྱབ་འགལ་བྱེད་པ། རྒྱལ་སའི་མངའ་ཁོངས་ཁ་བྲལ་གཏོང་བའི་མི་ལ་མཇུག་འབྲས་ཡག་པོ་མེད། ཐའེ་ཝན་རང་བཙན་ལ་ཐར་ལམ་མེད་དེ། ང་ཚོས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་ཧུར་ཐག་བྱས་ན། ད་གཟོད་སྔོན་མའི་ལྕགས་ཕག་ལོའི་གསར་བརྗེའི་ཁྲོད་ཀྱི་སྔོན་གཤེགས་དཔའ་བོ་རྣམས་ཀྱི་ཐུགས་སེམས་བདེ་བཅུག་པ་ཡིན་ཞེས་བཤད་པ་རེད།
ཨ་རི་ཤར་ཕྱོགས་ཀྲུང་གོ་བའི་སྤྱི་ཚོགས་ཚོགས་པའི་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པའི་ཀྲུའུ་ཞི་ལིའང་ཀོན་ཅུན་གྱིས། ཕྱི་སྡོད་རང་མིའི་ཚོགས་པ་མང་པོ་རྩ་འཛུགས་བྱས་ནས། མཉམ་གཅིག་ཏུ་ང་ཚོའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་འབེན་ཆེད་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་ལས་ཆེན་པོ་ལ་སྐུལ་འདེད་བཏང་སྟེ། ང་ཚོའི་རླབས་ཆེན་བསྐྱར་དར་སྔ་མོ་ནས་མངོན་འགྱུར་བྱེད་འཇུག་དགོས་ཞེས་བཤད་པ་རེད།
ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་ཀྲུང་ཧྲན་དྲན་གསོ་སློབ་འབྲིང་གི་མཐོ་གཉིས་སློབ་མ་ལི་ཀྲི་ཐུང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཕ་ཡུལ་ནས་ཡིན་པའི་ན་གཞོན་སློབ་མ་ཞིག་དང་། དུས་རབས་གསར་པའི་ན་གཞོན་ཞིག་ལ་མཚོན་ན། རྒྱུན་འཛིན་ནི་ཆེས་ཡག་ཤོས་ཀྱི་དྲན་གསོ་ཡིན། ང་ཚོས་རྒྱལ་གཅེས་ཀྱི་བརྩེ་བ་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལ་བསྒྱུར་ནས། ཤེས་རིག་སྦྱོང་བར་བརྩོན་འགྲུས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཆེད་དུ་ང་ཚོ་ན་གཞོན་མི་རབས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་རེད།
སྐམ་དམག་ཤོག་སྒྲིག་དཔུང་ཚོགས་དོན་གསུམ་པའི་སྐམ་མཚོ་གཉིས་ལྡན་གྱི་ལྗིད་ལྡན་མཉམ་འདྲེས་སྟོང་ཤོག་གི་སྟོང་དཔོན་ཅ་ཞིན་ཅུན་གྱིས། གཞི་རིམ་དམག་དཔུང་བཀོད་འདོམས་པ་ཞིག་ཡིན་པའི་ཆ་ནས། ཐོག་མའི་དམ་བཅའ་བརྟན་སྲུང་དང་། ཕུགས་འདུན་དད་མོས་བརྟན་པོ་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ཆེད་དུ་སྟོབས་ལྡན་གྱི་འཐབ་ཇུས་འདེགས་རྟེན་མཁོ་སྤྲོད་བྱེད་དགོས་ཞེས་བཤད་པ་རེད།




