英文|藏文 |APP W020161009565839193236.jpg | 微信 111111111.jpg

རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལ་དོ་སྣང་ཆེན་པོ་བྱས།

2021-12-14 来源:ཤམ་བྷ་ལ་ཆ་འཕྲིན། 分享:

   རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལ་དོ་སྣང་ཆེན་པོ་བྱས་ཤིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས། ད་ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ལོ་ངོ་བརྒྱའི་རིང་འཕྲད་དཀའ་བའི་འགྱུར་ལྡོག་ཆེན་པོ་དང་འཛམ་གླིང་ལ་མཆེད་པའི་རིམས་ནད་ལ་ཁ་གཏད་འཇལ་བ་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་འགྲུབ་གང་ཐུབ་བྱས་པ་རེད། རྗེས་ཕྱོགས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲུབ་འབྲས་གཡུར་དུ་ཟ་བའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་བཤད་པ་རེད།

   གྲོས་ཚོགས་ཐོག ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད་ལ། ལོ་འདི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད། ལོ་ངོ་གཅིག་གི་རིང་ལ་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་བཅོས་ཐད་ནས་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད་ཅིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་དུ་རྒྱ་བསྐྱེད་གཏོང་བ་དང་། ཐོན་ལས་མ་ལག་གི་དཀའ་ངལ་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་མཐོར་སོང་། བཅོས་བསྒྱུར་སྒོ་འབྱེད་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་ཕྱིན། དམངས་འཚོའི་འགན་སྲུང་ནུས་ལྡན་ཐུབ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་ནས་སྐུལ་འདེད་གཏོང་ཡོད། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་གོམ་པ་གསར་པ་སྤོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན།

   པེ་ཅིན་གྲོང་ཁྱེར་ཏཱ་ཞིན་ཆུས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཡིའུ་ཀོ་ཡིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ལངས་ཕྱོགས་བརྟན་པོ་དང་མ་འོངས་ལ་ཁ་ཕྱོགས་ནས། ང་ཚོར་དཔལ་འབྱོར་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་བཅུག་ཡོད། ཏཱ་ཞིན་ནི་རྒྱལ་སའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་བྱེད་པའི་ཁྲོད། ཏཱ་ཞིན་ཆུས་ཀྱིས་ཚེ་སྲོག་བདེ་ཐང་དང་བར་སྣང་གི་ཐོན་ལས། སྔོན་ཐོན་བཟོ་སྐྲུན་བཅས་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཚོགས་པ་གསུམ་འཕེལ་རྒྱས་བཏང་ནས། རྒྱལ་སའི་རྒྱལ་སྤྱིའི་འགྲོ་འོང་ལྟེ་གནས་གསར་པ་ཞིག་ཏུ་འཛུགས་དགོས་ཞེས་བཤད། ཐེན་ཅིན་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེན་ཧུང་ཡོན་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ང་ཚོས་འབད་པ་ལྷོད་མེད་བྱས་ནས། ཐོན་ལས་མ་ལག་གི་སྤུས་མཐོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་བྱས་ཏེ། ཐོན་ལས་མ་ལག་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས། ཆེད་དུ་ལས་ཀའི་འཆར་འགོད་གཏན་འབེབས་བྱེད་པ། ཁྱབ་ཁོངས་བརྒལ་བ་དང་ལས་རིགས་བརྒལ་བ། ཕན་ཚུན་མཐུན་སྦྱོར། གོང་འོག་མཉམ་འབྲེལ་བཅས་ཀྱི་དོན་འཁྱོལ་ནང་རྐྱེན་ཆགས་ནས། ང་ཚོའི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་བརྩོན་ཡོང་བ་བྱེད་དགོས་ཞེས་བཤད།

   གྲོས་ཚོགས་ཐོག སང་ལོའི་དཔལ་འབྱོར་ལས་ཀ་བརྟན་པོ་ཡོང་བ་གཙོ་བོ་དང་། བརྟན་ཐོག་ཡར་བརྩོན་ཡིན་དགོས། ཕྱོགས་སོ་སོས་དཔལ་འབྱོར་བརྟན་བརླིང་ལ་ཕན་པའི་སྲིད་ཇུས་བཏོན་གང་ཐུབ་བྱེད་དགོས། ཆེད་ལས་དང་རྩེ་གྲལ། ཁྱད་ཆོས། གསར་གཏོད་བཅས་ཀྱི་ཁེ་ལས་མང་པོ་བྱུང་བར་སྐུལ་སློང་བྱེད་དགོས། ཉེ་ཆར། ཀྲེང་ཅང་ཞིང་ཆེན་གྱིས་དངུལ་རྩ་ལས་ཁུངས་གྱིས་དངུལ་རྩ་སྲིད་ཇུས་མང་པོ་བཏོན་ནས། ཆེད་དུ་ཞིང་ཆེན་ཡོངས་ཀྱི་ཆེད་ལས་དང་རྩེ་གྲལ། ཁྱད་ཆོས། གསར་གཏོད་བཅས་ཀྱི་ཁེ་ལས་དང་གསོ་སྐྱོང་རིགས་ཀྱི་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

   ཀྲུང་གོའི་ཞིང་ལས་དངུལ་ཁང་ཀྲེང་ཅང་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགོ་འཛིན་ཧྥུང་ཅན་ལུང་གིས། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱིས་ང་ཚོས་ངོས་འཛིན་གཅིག་མཐུན་གཅིག་བསྡུས་དང་ཡིད་ཆེས་ཇེ་བརྟན། དོན་གཉེར་དམ་འཛིན་བཅས་བྱས་ནས། སང་ལོའི་ལས་ཀ་ཡག་པོ་སྒྲུབ་པར་ཕུགས་ཡུན་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་དངོས་གཉེར་དཔལ་འབྱོར་གྱི་དངུལ་རྩ་མཁོ་འདོན་ཇེ་ཆེར་བཏང་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་རྨང་གཞི་ཇེ་བརྟན་གཏོང་བ། གསོ་སྐྱོང་ཐིག་པོ་ལ་གཙིགས་ཆེན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྒུལ་ཤུགས་སྣོན་དགོས། ཁེ་ལས་ཆུང་ཕྲན་ཆེད་ལས་དང་རྩེ་གྲལ། ཁྱད་ཆོས། གསར་གཏོད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་གསོ་སྐྱོང་གཟིགས་སྐྱོང་བྱེད་པ། ཚན་རྩལ་ཐད་འགག་རྩའི་གནད་དོན་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ལ་རམ་འདེགས་བྱེད་ཡིན་ཞེས་བཤད།

   གྲོས་ཚོགས་ཐོག བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཐད་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བཏང་ནས། ལམ་ལུགས་ཅན་གྱི་སྒོ་འབྱེད་ཡོང་བ་བྱེད་དགོས། མིག་སྔར། ཀོང་ཏུང་དང་ཞང་ཀང་། ཨོ་མོན་མཚོ་ཁུག་ཆེན་མོའི་མཉམ་ལས་སྟེགས་བུ་གལ་ཆེན་འཛུགས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ས་ཁོངས་བརྒལ་བའི་རྒྱུ་ཆ་འཁོར་རྒྱུག་སྟབས་བདེ་དང་ནུས་མཐོ་ཡིན་པ། སྔར་བས་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་མཚོ་ཁུག་རྩེ་གྲས་རིམ་བཞིན་ཆགས་དགོས་པའི་བླང་བྱ་བཏོན་པ་རེད།

   ཀོང་ཏུང་ཞིང་ཆེན་གྱིས་ཀོང་ཏུང་དང་ཞང་ཀང་ཨའོ་མེན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འགོ་འཛིན་ཀྲེན་རེན་ཧའོ་ཡིས། ང་ཚོས་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀོང་ཏུང་གི་བཅོས་སྒྱུར་སྒོ་འབྱེད་སྔོན་ལ་ལག་བསྟར་ཚོད་ལྟ་བྱས་པའི་ཁྱད་ནུས་འདོན་སྤེལ། ཀོང་ཏུང་དང་ཞང་ཀང་ཨའོ་མེན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། ང་ཚོའི་དངོས་ཟོག་སྐྱེལ་འདྲེན་དང་དངུལ་རྩ། ཚན་རྩལ། འཇོན་མི་སོགས་ཕྱོགས་མང་པོའི་ཐད་བདེ་བླག་འཁོར་རྒྱུག་བྱེད་ཐུབ་པ་བྱས་ནས། ཀོང་ཏུང་དང་ཞང་ཀང་ཨའོ་མེན་མཚོ་ཁུག་ཆེན་མོ་དེ་ང་ཚོའི་རྒྱལ་ཁབ་ཀྱིས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་སྐྱོང་བྱེད་པའི་གསར་གཏོད་ལྟེ་གནས་ཞིག་དང་སྔོན་ལ་ལག་ལེན་བྱེད་གནས་དང་དཔེ་སྟོན་བྱེད་གནས་ཞིག་ཏུ་འགྱུར་འཇུག་དགོས་ཞེས་བཤད་པ་རེད།

   གྲོང་གསེབ་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། གྲོས་ཚོགས་ཐོག་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་བཏང་ནས།  གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཉིན་འདི་དག་རིང་།  ཐ་ཁེ་ལཱ་མཱ་ཀན་བྱེ་ཐང་ལྷོ་རྒྱུད་ཀྱི་ཞིན་ཅང་ཆེ་མོ་རྫོང་དུ། ས་ཞིང་མུའུ་འབུམ་གཅིག་ཁྲི་གསུམ་ཡོད་པའི་ཁ་སུར་དམར་པོ་བསྡུ་ལེན་བྱས་ཚར་ནས། བདམས་གསེས་ལས་སྣོན་བྱེད་བཞིན་པའི་སྒང་ཡིན། ཁ་སུར་དམར་པོའི་ཐོན་ལས་ལ་བརྟེན་ནས། ད་ལོར། སྔོན་དཔག་བྱས་ན་ས་གནས་དེ་གའི་ཁ་སུར་འདེགས་འཛུགས་ཞིང་པ་རྣམས་ལ་མི་རེར་ཆ་སྙོམས་སྒོར་བཞི་སྟོང་ལྷག་གི་ཡོང་འབབ་མཐོར་འདེགས་བྱས་ཡོད་པ་རེད།

   ཞིན་ཅང་པ་དབྱིན་ཁོ་ལིན་སོག་རིགས་རང་སྐྱོང་ཁུལ་ཆེ་མོ་རྫོང་ཏང་ཨུའི་ཧྲུའུ་ཅི་ཞུས་ཁའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱད་པར་དུ་ང་ཚོ་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཐུགས་ལ་བཟུང་ཡོད། ཏང་གི་ཐུགས་ཁུར་འོག སྨན་བཅོས་དང་སློབ་གསོ། སྤྱི་ཚོགས་ཉེན་མེད་འགན་སྲུང་སོགས་དམངས་འཚོའི་འགན་སྲུང་བྱེད་ཐབས་སོ་སོ་ནུས་གོ་ཆོད་པའི་སྒོ་ནས་སྤེལ་བཞིན་ཡོད། ང་ཚོ་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཚང་མ་ནི་བདེན་དཔང་བྱེད་མཁན་དང་ཁེ་ཕན་རག་མཁན་ཡིན། ང་ཚོས་མི་སེར་གྱི་ཐོན་ལས་དང་ལས་ཞུགས་ཟུང་དུ་སྦྲེལ་བའི་ཡོང་འབབ་སྒྲིག་གཞི་བརྟན་པོ་བྱས་ཏེ། མི་རིགས་སོ་སོའི་སྣེ་ཁྲིད་ནས་མང་ཚོགས་ཀྱིས་མཉམ་དུ་འབྱོར་ཕྱུག་ཐུབ་པའི་ལམ་བུའི་ཐོག་དཀའ་སྤྱད་སྡུག་རུས་ཀྱིས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དགོས་ཞེས་བཤད་པ་རེད།

   སྤོབས་པ་ཆེན་པོས་མདུན་བསྐྱོད་འབད་བརྩོན་བྱེད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་བརྩོན་གྱིས། ཀྲུང་གོའི་དཔལ་འབྱོར་ནི་ངེས་པར་དུ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ་ངོ་མཚར་གྱི་ལོ་རྒྱུས་གསར་པ་བསྐྲུན་ངེས་ཡིན་ཞེས་བཤད་པ་རེད། ཧེ་ལུང་ཅང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཆ་འཕྲིན་ཅན་དང་མཉེན་ཆས་ཞབས་ཞུ་ལས་རིགས་ཁྲུའུ་ཡི་ཁྲུའུ་ཀྲང་ཡུའེ་ཞིན་གྱིས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་ཡིས་ང་ཚོས་དཔལ་འབྱོར་འཕེལ་རྒྱས་སྤུས་དག་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། ང་ཚོས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། ཨང་ཀི་ཅན་བཟོ་བཅོས་ཇེ་མགྱོགས། སྲོལ་རྒྱུན་ཐོན་ལས་རིམ་སྤར་ལ་མུ་མཐུད་དུ་འཕེལ་ཤུགས་ཆེན་པོ་འདོན་རྒྱུ་ཡིན། བཟོ་སྐྲུན་ལས་རིགས་ཨང་ཀི་ཅན་གྱི་ལུགས་སྒྱུར་བྱ་སྤྱོད་འཆར་གཞི་དང་ཁེ་ལས་ཆུང་འབྲིང་ཨང་ཀི་ཅན་གྱི་བྱ་སྤྱོད་འཆར་གཞི་གཏན་འབེབས་བྱས་ཏེ་ཨང་ཀིའི་དཔལ་འབྱོར་གྱིས་འཕེལ་རྒྱས་སྤུས་དག་གཏོང་རྒྱུ་ཡིན་ཞེས་བཤད།

   ཧོ་ནན་ཞིང་ཆེན་ཚན་རིག་གླིང་གི་འགོ་འཛིན་གཞོན་པ་སུང་ཁེ་ཞིང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་མཐུན་སྒྲིལ་དེ་ལས་དམ་པོ་དང་། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་ནན་མོ་བསྟར་རྒྱུ་ཡིན། སྤྱི་ཁོག་གི་འཕེལ་ཤུགས་འདོན་སྤེལ་དང་མཐོ་རིམ་འཇོན་མི་ནང་འདྲེན། འཁོར་ཡུན་ཡོངས་དང་སྦྲེལ་ཐག་ཡོངས། གོ་རིམ་ཡོངས་སྒོ་འབྱེད་ཅན་གྱི་གསར་གཏོད་སྟེགས་བུ་འཛུགས་རྒྱུ་ཡིན་ཞེས་བཤད།

   ཁྲུང་ཆིང་གྲོང་ཁྱེར་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཅང་གིས། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཐོག ང་ཚོ་ལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ལ་ངོས་འཛིན་ཡང་དག་དང་དམ་འཛིན་བྱེད་པའི་རིག་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད་ལ་བསྲུང་བྱ་མཁོ་འདོན་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་མཐུན་སྒྲིལ་དམ་པོར་བྱས་ཏེ། བརྟན་པོ་གཙོ་བོ་དང་བརྟན་ཐོག་ཡར་བརྩོན་གྱི་བླངས་བྱ་ལྟར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོམ་སྟོབས་ཇེ་མགྱོགས་གཏོང་ཞིང་། སྟོབས་ཤུགས་དེ་ལས་ཆེན་པོས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤེལ་ཁུལ་འཛུགས་སྐྲུན་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་རྒྱུ་ཡིན་ཟེར། 

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942