英文|藏文 |APP W020161009565839193236.jpg | 微信 111111111.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་2024ལོའི་ལོ་གསར་གྱི་ཤིས་ཚིག

2024-01-02 来源:མི་དམངས་དྲ་བ། 分享:

ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་2024ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

  ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་2024ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། 2024ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།

ལྷན་རྒྱས་སྐུ་ཁམས་བཟང་། ལོ་རྙིང་པ་ཕར་ལ་བསྐྱལ་ཞིང་ལོ་གསར་པ་ཚུར་ལ་བསུ་བའི་དུས་བཟང་འདིར། ངས་པེ་ཅིང་ནས་ལྷན་རྒྱས་ལ་ལོ་གསར་གྱི་སྨོན་འདུན་ཞུ་གི་ཡིན།

  2023ལོར། ང་ཚོས་རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱས་ཤིང་། དཀའ་ངལ་སྣ་ཚོཊ་ཁྱད་དུ་བསད་པ་དང་། མཛེས་སྡུག་ལྡན་པའི་མདུན་ལམ་མཐོང་ནས། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད། ཚང་མས་ལོ་དེ་ལས་སླ་པོ་ཞིག་མིན་པ་བློ་ལ་ངེས་ཤིང་། མ་འོངས་པར་ཡང་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད།

ལོ་དེར་ང་ཚོས་གོམ་པ་ཧ་ཅང་བརྟན་པོའི་ངང་སྤོས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བརྟན་པོའི་ངང་བསྒྱུར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཀ་རྟེན་ཐོན་ལས་གསར་པ་ཁག་གཅིག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། འབྲུ་རིགས་ཐོན་སྐྱེད་ལ“ལོ་ཉི་ཤུ་བསྟུད་མར་ལོ་ལེགས”བྱུང་བ་དང་། སྔོ་ལྗང་རི་ཀླུང་གི་རྣམ་པ་དེ་བས་བཀྲག་མདངས་ལྡན་པར་གྱུར་པ། གྲོང་གསེབ་དར་རྒྱས་ནས་རྣམ་པ་གསར་པ་མངོན་ཡོད། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པར་ལེའུ་གསར་པ་བརྩམས་པ་དང་། ཞུང་ཨན་ཁུལ་གསར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གསོན་ཤུགས་འཕེལ་བ། ཀོང་ཀང་ཨའོ་ཁུག་ཆེན་ཁུལ་བློ་གཤོག་ཆེན་པོས་འཕེལ་རྒྱས་བྱུང་བ། ཀྲུང་གོའི་དཔལ་འབྱོར་རླབས་རྒྱུན་གྱི་ཁྲོད་དུ་འཕེལ་རྒྱས་བརྟན་པོ་བྱུང་ཡོད།

  ལོ་དེར་ང་ཚོས་གོམ་པ་ཤུགས་དང་ལྡན་པའི་ངང་སྤོས་ཤིང་། སྙིང་རུས་གཏན་འཁྱོངས་ངང་ཞུན་བརྡར་བྱས་པ་བརྒྱུད། ཀྲུང་གོའི་གསར་གཏོད་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཡོད། C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཚོང་སྤྱོད་གནམ་གྲུར་མངོན་འགྱུར་བྱུང་བ་དང་། རྒྱལ་ཐོན་མཚོ་གྲུ་ཆེ་གྲས་འགྲུལ་བཞུད་ཚོད་ལྟ་ལེགས་གྲུབ་བྱུང་བ། ལྷ་གྲུ་རྟགས་ཅན་ཁྱིམ་རྒྱུད་ཀྱིས་བར་སྣང་དུ་སྦྲེལ་མཐུད་བྱས་པ། “འབད་འཐབ་པ”རྟགས་ཅན་ཚད་བརྒལ་ངང་མཚོ་གཏིང་དུ་འཛུལ་ཡོད། རྒྱལ་ཟོག་གི་ཚོང་རྟགས་ལ་ཀུན་གྱི་དགའ་བསུ་ཐོབ་པ་དང་། རྒྱལ་ཐོན་ལག་ཐོགས་ཁ་པར་གསར་པ་བྲིན་ཁ་རྒྱུག་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཀྱིས་ཀྲུང་གོའི་བཟོ་སྐྲུན་ལ་བཀྲག་མདངས་གསར་པ་བསྣན་ཡོད། ཀྲུང་གོས་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ཐོག་ནས་ཡང་རྩེར་འཛེགས་ཤིང་། གང་སར་མཐོང་རྒྱུ་ཡོད་པ་ནི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་གསར་གཏོད་རེད།

  ལོ་དེར་ང་ཚོས་གོམ་པ་ཧ་ཅང་ཉམས་དང་ལྡན་པའི་ངང་སྤོས་ཤིང་། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ངོ་མཚར་ཆེ་བ། ལུས་རྩལ་པ་ཚོས་སླར་ཡང་གྲུབ་འབྲས་བཟང་པོ་བཏོད་ཡོད། གུང་གསེང་སྐབས་གང་སར་ཡུལ་སྐོར་བས་ཁེངས་པ་དང་། གློག་བརྙན་ཁྲོམ་ར་འཁྲུག་ཆ་དོད་པོ་བྱུང་བ། “གྲོང་ཚོའི་རིམ་འདས་འགྲན་བསྡུར”དང“གྲོང་ཚོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས”ལས་གསོན་ཤུགས་ཆེན་པོ་མངོན་པ། ཐཱན་ཉུང་འཚོ་བ་རིམ་བཞིན་དར་སྲོལ་ཆགས་པ། དྲོ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་དང་སླར་གསོ་བྱུང་བའི་བྲེལ་འཚུབ་ཀྱི་རྣམ་པ་ལས། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་མཚོན་གྱི་ཡོད་ལ། གསོན་ཤུགས་ཀྱིས་ཕྱུག་ཅིང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པའི་ཀྲུང་གོ་ཡང་མངོན་པར་བྱས་ཡོད།

  ལོ་དེར་ང་ཚོས་གདེང་ཚོད་ཧ་ཅང་ཆེ་བའི་གོམ་པ་སྤོས་ཤིང་། ཀྲུང་གོ་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཡིན་པ་དང་། ཤེས་དཔལ་རླབས་པོ་ཆེའི་རྒྱུན་འཛིན་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་ཐོག བྱེ་ཐང་ཐོག་གི་ཁེར་འཕྱུར་དུ་ཞག་དང་། འབྲི་ཆུའི་ལྷོ་ཡི་སྦྲང་ཆར་ཟིལ་མ་ཡིས། རྟག་ཏུ་མི་ཡི་དྲན་འཆར་སློང་བྱེད་ཅིང་། སེམས་ཀྱི་རྟ་ཕོ་དེ་ཡི་ཕྱོགས་སུ་ཤོར། རྨ་ཆུའི་ཁུག་པ་མིག་ལ་རབ་ཏུ་མཛེས། འབྲི་ཆུའི་རླབས་རྒྱུན་དྲག་ཏུ་འཕྱུར་བ་ཡིས། རྟག་ཏུ་མི་ཡི་ཡིད་སེམས་འགུལ་བྱེད་ཅིང་། བརྩེ་བ་དྲག་པོ་དྲན་པའི་ཀློང་ནས་བརྟོལ། ལེང་ཀྲུའུ་དང་ཨེར་ལི་ཐོའུ་ནས་འཕྲོས་པའི་ཤེས་དཔལ་གྱི་འོད་སྣང་དང་། དབྱིན་ཞུས་རུས་བརྐོས་ཀྱི་ཡི་གེ་རྒྱུན་འཛིན། སན་ཤིང་ཏུའེ་ཡི་རིག་གནས་ཀྱི་གཅེས་ནོར། རྒྱལ་ཁབ་དཔར་མའི་རྟེན་མཛོད་ཁང་གི་རིག་གནས་ཀྱི་རྒྱུན་བཅས་ལས་ཀྲུང་ཧྭ་ཡི་ལོ་རྒྱུས་ནི་ཅི་འདྲའི་ཡུན་རིང་བ་དང་། ཤེས་དཔལ་ནི་ཅི་འདྲའི་འབྱམས་ཀླས་པ་ཞིག་ཡིན་པ་མཚོན་པ་དང་། འདི་ནི་ང་ཚོའི་བློ་སྤོབས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།

  ཀྲུང་གོས་རང་ཉིད་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་ཧུར་བརྩོན་ཆེན་པོས་འཛམ་གླིང་ལ་ཕྱོགས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་དང་ཁུར་བཞིན་ཡོད། ང་ཚོས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་དང“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ལེགས་པར་གཉེར་ཞིང་། ཕྱི་འབྲེལ་བྱེད་སྒོ་རབ་དང་རིམ་པ་གཙོ་གཉེར་བྱས་ནས་གླིང་ཆེན་ལྔ་ཡི་སྐུ་མགྲོན་དང་གྲོགས་པོར་བསུ་བ་ཞུས་ཡོད། ང་རང་ནས་ཀྱང་རྒྱལ་ཁབ་ཁག་གཅིག་ལ་འཚམས་འདྲི་ཞུས་པ་དང་རྒྱལ་སྤྱིའི་གྲོས་ཚོགས་ཁག་གཅིག་ལ་ཞུགས་ཁར། གྲོགས་པོ་རྙིང་པ་དང་རོགས་པ་གསར་པ་མང་པོ་དང་ཐུག་འཕྲད་བྱས་ཏེ། ཀྲུང་གོའི་འདོད་ཚུལ་མཉམ་སྤྱོད་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་བཏང་ཡོད། འཛམ་གླིང་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ཞི་བདེ་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་དབྱངས་རྟ་གཙོ་བོ་དང་མཉམ་ལས་གཉིས་ཁེ་ནི་ཐོག་མཐའ་བར་གསུམ་དུ་བསྙོན་མེད་དོན་དམ་རེད།

  མདུན་སྐྱོད་ཀྱི་ལམ་བུར་ཆར་རླུང་ནི་རྒྱུན་རྣམ་ཡིན། ཁེ་ལས་ཁག་གཅིག་ལ་གཉེར་སྐྱོང་ཐད་གནོན་ཤུགས་འཕྲད་པ་དང་། མང་ཚོགས་ཁག་གཅིག་ལ་ལས་ཞུགས་དང་འཚོ་བའི་ཐད་དཀའ་ངལ་འཕྲད་པ། ས་ཁུལ་འགའ་ཤས་སུ་ཆུ་ལོག་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ཕོག་ཡོད། འདི་དག་ཚང་མར་ང་རང་ནས་སེམས་ཁུར་བྱེད་ཀྱི་ཡོད། ཚང་མས་ཆར་རླུང་ལ་མི་སྐྲག་པར་སོ་སྲུང་རོགས་རེས་བྱེད་པ་དང་། དཀའ་ཉེན་གྱི་མདུན་བསུས་ནས་འགག་སྒྲོལ་དཀའ་སེལ་བྱེད་པ་མཐོང་སྐབས། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དཀའ་སྤྱད་ངལ་རྩོལ་བྱེད་མཁན་གྱི་ཞིང་པ་དང་། སྡུག་རུས་འབད་འཐབ་བྱེད་མཁན་གྱི་བཟོ་པ། མཆོང་ཕོད་པ་དང་སྒྲུབ་ཕོད་པའི་ལས་གཏོད་པ། ཁྱིམ་གཞིས་དང་རྒྱལ་ཁབ་སྲུང་མཁན་གྱི་བུ་ཕྲུག་དམག་སོགས་ལས་རིགས་ཁག་གི་མི་ཚང་མས་དཀའ་སྤྱད་འབད་འཐབ་བྱས་ཤིང་། མི་ཕལ་པས་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཕུལ་ཡོད། མི་དམངས་ནི་དུས་ནམ་ཡང་ང་ཚོ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱབ་རྟེན་ཆེ་ཤོས་དེ་རེད།

  དེང་སང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གང་མགྱོགས་གྲུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བཅས་བྱེད་དགོས། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བརྟན་དུ་དང་ཤུགས་ཆེར་བཏང་ནས། དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་སེམས་ཤུགས་ཆེ་རུ་དང་། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་བཏང་ནས་ཤུགས་ཚད་དེ་བས་ཆེན་པོས་སློབ་གསོ་གཉེར་བ་དང་། ཚན་རྩལ་དར་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱིས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཆེན་པོའི་ཁྲོད་དེ་བས་ལེགས་པར་ཞུགས་ཏེ་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་རེད། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ལག་སྦྲེལ་སེམས་མཐུན་ངང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱེད་དགོས།

  ང་ཚོའི་དམིགས་ཚད་ནི་ཧ་ཅང་བརྗིད་ཆེ་བ་ཞིག་ཡིན་ལ། ཧ་ཅང་བབ་ཆགས་པ་ཞིག་ཀྱང་ཡིན། མཐར་གཏུགས་ནས་བཤད་ན་མང་ཚོགས་རྣམས་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུ་ཡོང་བ་བྱེད་རྒྱུ་དེ་ཡིན། ཕྲུ་གུ་གསོ་སྐྱོང་དང་སློབ་གསོ་གཏོང་རྒྱུ་དང་། ན་གཞོན་ལས་ཞུགས་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ། རྒན་རྒོན་ལ་སྨན་བཅོས་དང་རྒན་གསོ་བྱ་རྒྱུ་བཅས་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་ཡང་ཡིན་པས། ཚང་མས་མཉམ་དུ་འབད་འཐབ་བྱས་ནས་དོན་དག་འདི་དག་ཡག་པོ་སྒྲུབ་དགོས། ད་ལྟ་སྤྱི་ཚོགས་ཀྱི་འགྲོས་ཧ་ཅང་མྱུར་བས། ཚང་མ་བྲེལ་བ་ཧ་ཅང་ཆེན་པོ་ཡོད་ལ། ལས་ཀ་དང་འཚོ་བའི་གནོན་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། ང་ཚོས་དྲོ་སྐྱིད་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་པ་དང་། ཁོང་ཡངས་དང་གསོན་ཤུགས་ཀྱིས་ཕྱུག་པའི་གསར་གཏོད་ཀྱི་བར་ཁྱམས་རྒྱ་སྐྱེད་པ། སྟབས་བདེ་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཆ་རྐྱེན་སྐྲུན་པ་བཅས་བྱས་ནས་ཚང་མ་ཐུགས་སེམས་སྤྲོ་པོ་དང་། མི་ཚེ་སྐྱ་ནམ་རྒྱས་པོ། བསམ་འདུན་ལྷུན་འགྲུབ་ཡོང་བ་བྱེད་དགོས།

  མིག་སྔར། འཛམ་གླིང་ཐོག་ད་དུང་ས་ཆ་ཁག་གཅིག་དམག་འཁྲུག་གི་ཁྲོད་དུ་ལུས་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་སེམས་ལ་འཆང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིད་ལ་ངེས་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་འདོད་ཡོད།

 ད་ལྟའི་དུས་འདིར། མཚན་ལྗོངས་རབ་ཏུ་མཛེས་ཤིང་། ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ། ང་ཚོས་མཉམ་དུ་མེས་རྒྱལ་མངའ་ཐང་རྒྱས་པ་དང་། འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུ། ལྷན་རྒྱས་དུས་དང་རྣམ་པ་ཀུན་ཏུ་བདེ་སྐྱིད་ལྡན་པ་དང་བྱ་བ་ལམ་འགྲོ། སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ།

ལྷན་རྒྱས་ཐུགས་རྗེ་ཆེ།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942