英文|藏文 |APP W020161009565839193236.jpg | 微信 111111111.jpg

ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་།

2024-03-22 来源:ཤམ་བྷ་ལ་ཆ་འཕྲིན། 分享:

  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་ལ་རྟོག་ཞིབ་གནང་དུས། ཧུའུ་ནན་གྱིས་རང་ཉིད་འཕེལ་རྒྱས་གསར་པ་འཛུགས་སྐྱོང་བྱེད་རིང་གི་འཐབ་ཇུས་དམིགས་གནད་ཡང་དག་བཟུང་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱི་འགྲོས་རྒྱུན་འཁྱོངས་ཤིང་། སྤུས་མཐོའི་འཕེལ་རྒྱས་གཡོ་བ་མེད་པ་རྒྱུན་འཁྱོངས། བཅོས་བསྒྱུར་གསར་གཏོད་དང་བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་བསྐྲུན་ལས་རིགས་ཀྱི་མཐོ་གནས་གལ་ཆེན་དང་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཡོད་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་གནས་གསར་པ། ནང་ལོགས་ས་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་གནས་བསྐྲུན་པའི་ཐད་མུ་མཐུད་དུ་ཤུགས་འདོན་ཞིང་། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཁྲོད་འབད་བརྩོན་ལྷོད་མེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཧུའུ་ནན་གྱི་ལེའུ་རྩོམ་དགོས་ཞེས་ནན་གསུངས་གནང་།

  ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་གྱི་བར། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲེན་ཞའོ་མེན་དང་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་མའོ་ཝེ་མེན་གྱི་ཕེབས་རོགས་འོག སྔ་རྗེས་སུ་ཁྲང་ཧྲ་དང་ཁྲང་ཏེ་སོགས་སུ་ཕེབས་ནས། སློབ་གྲྭ་དང་ཁེ་ལས། ལོ་རྒྱུས་རིག་གནས་སྲང་ཁུལ། གྲོང་ཡུལ་སོགས་སུ་ཕེབས་ཏེ་གཟིགས་ཞིབ་གནང་བ་རེད། 

  ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧུའུ་ནན་དགེ་འོས་སློབ་གླིང་དང་པོའི་མཁར་ལྷོའི་དཔེ་གླིང་སློབ་ཁུལ་དུ་ཕེབས་ནས་གཟིགས་ཞིབ་གནང་། སློབ་གྲྭ་འདི་ཉིད་སྔོན་ཆད་སུང་རྒྱལ་རབས་སྐབས་བཙུགས་པའི་མཁར་ལྷོའི་དཔེ་གླིང་ནས་མཆེད་པ་ཡིན་ལ། ཉེ་རབས་ནས་རྒན་རབས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་མཁས་པ་སྐད་གྲགས་ཅན་དུ་མ་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་གིས་ན་གཞོན་སྐབས་ཀྱི་མའོ་ཙེ་ཏུང་གི་བརྗོད་དོན་འགྲེམས་སྟོན་ལ་གཟིགས་ཤིང་། སློབ་གླིང་གི་གསར་བརྗེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་ཚུལ་སོགས་ལ་རྒྱུས་ལོན་གནང་བ་རེད། སློབ་གླིང་གི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་དགེ་སློབ་ཀྱི་སྐུ་ཚབ་དང་སྙིང་ཉེ་བས་བཀའ་འདྲི་གནང་བ་རེད། ཁོང་གིས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་དགོས་ན། ངེས་པར་དུ་སློབ་གསོ་གཉེར་སྐྱོང་ཡག་མོ་བྱེད་དགོས། དགེ་འོས་སློབ་གླིང་དང་པོ་འདི་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྙིང་སྟོབས་འཛིན་སྐྱོང་བྱེད་སའི་གནས་མཆོག་ཡིན་པས། གསར་བརྗེའི་ཐོན་ཁུངས་འདི་ཉིད་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་དགོས།

  སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་ཅིང་དགེ་རྒན་གྱིས་སློབ་དཔོན་ཡག་མོ་བྱ་དགོས་ལ། སློབ་མའི་ཤེས་བྱ་རིག་གནས་བྱང་ཚད་ཇེ་མཐོར་གཏོང་བར་མ་ཟད་བསམ་བློ་ཆབ་སྲིད་སློབ་ཚན་ཡག་མོ་ཁྲིད་པ་དང་། སློབ་མས་ཡ་རབས་སྤྱོད་ལྡན་དང་ངོ་ཚ་ཁྲེལ་ཡོད་ཤེས་པའི་སློབ་གསོ་དང་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ཆགས་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་འདུན་པ་ཆེན་པོ་བསྐྱེད་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གཏོང་བའི་འགན་ཆེན་ཁུར་བའི་འཇོན་ཐང་ཅན་ཞིག་བྱེད་དགོས་ཞེས་གསུངས།

  དེའི་རྗེས་སུ་ཞི་ཅིན་ཕིང་པ་སི་ཧྥ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་སྤྱི་གཉེར་ཁང་དུ་གཟིགས་ཞིབ་ཕེབས་ཤིང་། འདི་ནི་ལིས་གྱེས་རྡུལ་གློག་རྫས་ཕོ་སྣེའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། ཉོ་ཚོང་བྱེད་པའི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་མ་དངུལ་གཏོང་བའི་ཁེ་ལས་ཤིག་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པོར་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན། ཁེ་ལས་ཀྱི་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཏེ་རྒྱུ་ཆ་ནུས་པ་ཚོད་ལྟ་གནས་ཚུལ་དང་གློག་རྫས་ཐོན་སྐྱེད་བརྒྱུད་རིམ་ལ་རྒྱུས་ལོན་གནང་སྟེ། ཁོང་གིས་ཚན་རྩལ་གསར་གཏོད་དང་སྤུས་མཐོའི་འཕེལ་རྒྱས་ནི་ཁེ་ལས་རྒྱུན་མི་ཆད་པར་འཕེལ་རྒྱས་དང་ཕམ་ཁ་མི་འབྱུང་བའི་གནད་འགག་ཡིན་ལ། དམངས་གཉེར་ཁེ་ལས་དང་མ་དངུལ་མཉམ་བསྲེས་ཁེ་ལས་ལ་འདིའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་ཇེ་ཆེ་ནས་ཇེ་ཆེ་ཡིན། ང་ཚོས་འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྤེལ་རེས་མཉམ་ལས་ཇེ་དྲག་གཏོང་འདོད་ཡོད་པས། ཕྱི་རྒྱལ་གྱི་ཁེ་ལས་སྔ་ལས་མང་པོ་ཀྲུང་གོ་རུ་མ་གཏོང་འཕེལ་རྒྱས་ཡོང་བར་དགའ་བསུ་ཡོད་ཅེས་ནན་གསུང་གནང་། 

  ཚེས་བཅུ་དགུ་ཉིན་ལ་ཞི་ཅིན་ཕིང་གིས་ཁྲང་ཏི་གྲོང་ཁྱེར་དུ་རྟོག་ཞིབ་ཞིབ་འཇུག་གནང་། ཡོན་ཅང་གཙང་འགྲམ་དུ་ཡོད་པའི་ཁྲང་ཏི་ཧོ་སྲང་ལམ་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ༡༩༤༣ལོའི་ཁྲང་ཏི་དམག་འཁྲུག་ནང་གཏོར་བརླག་ཐེབས་ཡོད། ཉེ་བའི་ལོ་ཁ་ཤས་ནང་ལ་ཁྲང་ཏི་གྲོང་ཁྱེར་གྱིས་ཆུ་འགྲམ་སྲང་ལམ་གྱི་རྣམ་པ་སླར་གསོ་དང་། གནས་དེ་ཉིད་ལོ་རྒྱུས་རིག་གནས་སྲང་ཁུལ་དུ་བསྐྲུན་ཡོད། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་ཁྲང་ཏི་ཧོ་སྲང་ལམ་དུ་ཕེབས་ནས། ཁྱད་ལྡན་སིལ་ཟས་དང་ཁྱད་ལྡན་ཐོན་རྫས། ཁྱད་ལྡན་བཟོ་རྩལ་ཐོན་རྫས་ལ་གཟིགས་ཞིབ་གནང་ཞིང་།ཚོང་བདག་དང་ཡུལ་སྐོར་བ་དང་ཁ་བརྡ་ཞིབ་མོ་གནང་ཞོར།དངོས་མེད་ཤུལ་བཞག་རིག་གནས་ལག་རྩལ་འགྲེམ་སྟོན་ལ་གཟིགས་ཤིང་། ཁྲང་ཏི་གྲོང་རྙིང་སྲང་ལམ་ཞིག་གསོ་བེད་སྤྱོད་དང་། གྲོང་ཁྱེར་འཆར་འགོད། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ཞི་ཅིན་ཕིང་གིས་ངོ་མཚར་ཆེ་བའི་ས་གནས་ཁྱད་ལྡན་སྲོལ་རྒྱུན་རིག་གནས་ཡོད་པས་འོད་སྟོང་འབར་བའི་ཀྲུང་གོའི་དཔལ་ཡོན་མཉམ་དུ་བསྐྲུན་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཅིང་མཆིས། ཁྲང་ཏི་ནི་རིག་གནས་རྒྱུན་འཛིན་ཡོད་པའི་ས་གནས་རེད། འདི་ནའི་སྒྲ་སྙན་དང་རྒྱང་གཞས། ལས་གཞས་སོགས་འོས་ཤིང་འཚམས་པོའི་སྒོས་རྒྱུན་འཛིན་དང་བེད་སྤྱོད་ཡག་མོ་བྱེད་ཅིང་དུས་བབ་དང་བསྟུན་ནས་འཕེལ་རྒྱས་ཡག་མོ་གཏོང་དགོས་ཞེས་གསུངས་པ་རེད།

  ཧུའུ་ནན་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་བཅུ་གསུམ་གྱི་ཡ་གྱལ་ཡིན་ལ། ཆུ་འབྲས་རྨོ་རྒྱ་དང་ཐོན་ཚད་ ཚང་མ་རྒྱལ་ཡོངས་ཐོག་ཨང་དང་པོར་ཟིན། ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ཁྲང་ཏེ་གྲོང་ཁྱེར་ཏེང་ཁྲེང་ཆུས་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་འབྱོར་ནས། ས་གནས་ཀྱི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཡན་ལག་ཁུལ་ལ་ཕེབས་ནས། འབྲས་མྱུག་གསོ་སྤེལ་དང་། དཔྱིད་འདེབས་དང་སོ་ནམ་གྲ་སྒྲིག་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། སྤུས་མཐོའི་ཞིང་ལས་དེང་རབས་ཅན་གོང་དུ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་ལ་གསན་ཞོར། འབྲུ་རིགས་འདེབས་པའི་དུད་ཆེན་དང་ཞིང་ལས་ལག་རྩལ་མི་སྣ། གཞི་རིམ་ལས་བྱེད་པ་དང་མཉམ་དུ་དངུལ་གཏོང་དང་ཐོན་འབབ་སྐོར་རྩིས་ཞིབ་མོ་བརྒྱབ་པ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ལ་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་ཡོད་པས། འབྲུ་རིགས་བདེ་འཇགས་ངེས་པར་ཏུ་རང་གིས་འགན་ཁྱོག་དགོས་ལ། ཀྲུང་གོ་བའི་ཁ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་ཡིན་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་བསྐྲུན་དང་། གཞི་ཁྱོན་ཅན་གྱི་འོས་འཚམ་ཚོང་གཉེར་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་ཇེ་དྲག་གཏོང་བ། སོན་བཟང་དང་འཕྲུལ་ཆས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་གདལ་རྒྱ་ཆེར་གཏོང་དགོས། རྨོ་འདེབས་ཞིབ་ཚགས་བྱེད་ཐུབ་དགོས་ལ། འབྲུ་རིགས་མུའུ་རེའི་ཐོན་ཚད་དང་སྤུས་ཀ་མཐོ་རུ་བཏེགས་ནས། འབྲུ་རིགས་བཏབ་ནའང་ཕྱུག་པོར་འགྱུར་ཞིང་། ཞིང་པའི་ཁྱིམ་དུད་སྔར་བས་མང་པོ་དེང་རབས་ཅན་གྱི་ཞིང་ལས་ནང་ཞུགས་པར་བྱེད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུའི་ཐོག་གོམ་པ་བརྟན་པོས་མདུན་དུ་སྐྱོད་དགོས་ཞེས་ནན་གསུང་གནང་།

  དེའི་རྗེས་ཞི་ཅིན་ཕིང་འབྲུ་རིགས་འདེབས་མཁན་དུད་ཆེན་ཏའེ་ཧུང་ཁྱིམ་ཚང་ལ་ཕེབས་ནས། ཞིང་ལས་འཕྲུལ་ཆས་དང་དཔྱིད་འདེབས་དངོས་རྫས་གྲ་སྒྲིག་ལ་གཟིགས་ཞིབ་གནང་ཞིང་། གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ལ་ཕེབས་ནས་ས་གནས་ཀྱི་གཞི་རིམ་ཁུར་པོ་ཇེ་ཡང་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ཕན་འབྲེས་ཇེ་ཆེར་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་དག་ཐེར་བྱེད་དགོས་ལ། དམག་ཧྲག་སྲིད་བསྡུ་དང་ནམ་རྒྱུན་ལྷོད་ལྷོད་མེད་པར་ལས་ཀ་འདི་དམ་འཛིན་བྱེད་དགོས་ཞེས་གསུངས། ཁོང་གིས་གཞི་རིམ་ལས་བྱེད་པས་ཐོན་ལས་འཕེལ་རྒྱས་དང་གྲོང་ཚོ་བཅོས་སྐྱོང་ཐད་ཀུན་གྱིས་ཐབས་འབུལ་ཤུགས་འདོན་བྱས་ནས། ཞིང་པ་མི་སེར་གྱིས་ཁས་ལེན་པའི་འབྲས་བུ་རྒྱུན་མི་ཆད་པར་ཐོབ་པར་འབད་དགོས་པའི་ཞལ་གདམས་གནང་བ་རེད།

  ཞལ་གྱེས་ཁར། གྲོང་ཚོའི་མི་སེར་ཚོས་གཅིག་ཏུ་འཛོམས་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྐྱེལ་མ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཐུགས་བརྩེ་བ་ཆེན་མོས་ཚང་མར་ཏང་ཀྲུང་དབྱང་གིས་ཞིང་གསུམ་ལས་ཀར་ཧ་ཅང་མཐོང་ཆེན་བྱེད་ཅིང་ཡོད་ལ། སྲིད་ཇུས་བྱེད་ཐབས་གང་ཡག་བཏོན་ནས་མི་སེར་གྱིས་དོ་ཁུར་བྱེད་ས་དང་དགོས་མཁོ་སྐོང་ཤག་ཤག་ཡིན། གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ཡག་མོ་དངོས་སུ་འགྲུབ་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུང་བ་ཆིགས་ཅིག དགའ་བསུའི་ཐལ་མོ་བརྡབས་སྒྲས་ཀུན་ལ་ཁྱབ།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་ཀའི་སྙན་ཞུ་ལ་གསན་ནས། ཧུའུ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་སྟེ།

  ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྲོག་ཤིང་གི་རྒྱུ་རྐྱེན་རེད། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་སྣེ་ཁྲིད་པའི་ཐད་ཤུགས་དེ་བས་ཆེན་པོ་བརྒྱབ་ནས། རང་མོས་སྒོས་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་སྦྲེལ་མཐུད་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གསར་སྤེལ་ལས་ཁུངས་རྩེ་གྲལ་ནང་འདྲེན་གང་ལེགས་བྱས་ཏེ། གནད་འགག་ཁྱབ་ཁོངས་ཀྱི་རང་བདག་གསར་གཏོད་ནུས་པ་གོང་མཐོར་གཏོང་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་མཁན་གྱི་གོ་གནས་ཇེ་དྲག་བཏང་ནས། གསར་གཏོད་མ་ལག་དང་ཐོན་ལས་མ་ལག མ་དངུལ་མ་ལག ཤེས་ལྡན་མི་སྣའི་མ་ལག་བཅས་མཉམ་འདྲེས་ཟབ་མོ་བྱས་ནས། ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་དུ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་དགོས། ལེགས་ཆའི་ཐོན་ལས་ལ་དམིགས་ནས། ཐོན་ལས་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་ཇེ་དྲག་བཏང་སྟེ། མུ་མཐུད་དུ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཆེན་པོ་དང་སྟོབས་ལྡན་གཏོང་བ་དང་། ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། འབག་མེད་ཅན་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་རིམ་པའི་ཐོན་ལས་ཚོགས་པ་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་ལ་གནད་དོན་ཁྲིད་ཕྱོགས་འབུར་ཐོན་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་སྤུས་མཐོའི་འཕེལ་རྒྱས་ལ་ཚོད་འཛིན་བྱས་པའི་བཀག་རྒྱ་དང་གནད་དོན་སེལ་བ་དང་། ཁོར་ཡུག་དང་དམངས་འཚོ་འཕེལ་རྒྱས་གཏོང་བའི་དཀའ་ཁག་དང་གནད་དོན། སྤྱི་ཚོགས་འདྲ་མཉམ་དྲང་བདེན་དང་འགལ་བའི་ཀུན་གྱིས་དོ་སྣང་བྱས་པའི་གནད་དོན་བཅས་ཐག་གཅོད་བྱས་པར་མ་ཟད། ཉེན་ཁ་ཆེན་པོ་སྔོན་འགོག་ནུས་ལྡན་བྱས་ནས་རྒྱུན་ཆད་མེད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་དང་གསོན་ཤུགས་སྣོན་དགོས། ཧུའུ་ནན་གྱིས་བཅོས་སྒྱུར་མ་ལག་གཅིག་བསྡུས་ཇེ་དྲག་བཏང་ནས། རྒྱལ་ཁབ་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྱོང་ནང་ཞུགས་པ་དང་ཁྱོན་ཡོངས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་ཞུགས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཟབ་ཞུགས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་ཐོག་རྒྱ་བསྐྱེད་དང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཡག་པོ་འཛུགས་པ། ཀྲུང་གོ་དང་ཧྥེ་གླིང་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ཟབ་སྤེལ་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས་གྲོང་གསེབ་ཁྱོན་ཡོངས་དར་རྒྱལ་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ཞིང་གསུམ་ལས་ཀའི་གཞིར་འཛིན་ས་རེད། ཧུའུ་ནན་གྱིས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ས་བོན་དང་རྨོ་ཞིང་ཀྱི་གཙོ་གནད་གཉིས་དམ་དུ་བཟུང་ནས། འདེབས་འཛུགས་དང་ཞིང་ལས་འཕྲུལ་ཆས་ཀྱི་གནད་འགག་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ལྟ་བ་དང་ཟས་རིགས་ལྟ་བ་གཙོ་བོ་རྒྱུན་འཁྱོངས་བྱས་ནས། ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ཀྱི་བཟོ་སྣོན་ལས་རིགས་འཕེལ་རྒྱས་གང་ཐུབ་དང་། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གྲོང་ཡུལ་མཉམ་བསྲེས་འཕེལ་རྒྱས་ཇེ་ཟབ་ལ་སྐུལ་འདེད་དང་། རྫོང་ཁོངས་དཔལ་འབྱོར་ཇེ་སྟོབས་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་རྒྱུ་ཆ་ཕྱོགས་གཉིས་འཁོར་རྒྱུག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོས་གྲོང་གསེབ་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་བཀོད་པ་གཅིག་གྱུར་འཆར་འགོད་བྱེད་དགོས། གྲོང་གསེབ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དངོས་སུ་ཇེ་དྲག་ཏུ་བཏང་ནས། གོམས་སྲོལ་ཡག་པོ་ཆགས་པར་འབད་དགོས།  ཏང་རྩ་འཛུགས་ཀྱིས་དབུ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་།ཡ་རབས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་བཏང་ནས། དུས་རབས་གསར་པའི་ཧྥང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ཡང་བསྐྱར་དབུལ་ལོག་འགོག་པའི་ལྟ་སྐུལ་ཚོད་ལེན་རོགས་སྐྱོར་ལམ་ལུགས་དོན་འཁྱོལ་བྱས་ནས། མཐའ་གཅིག་ཏུ་གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་ཧུའུ་ནན་གྱིས་རིག་གནས་འགན་འཁྲི་གསར་པ་སྔར་བས་ཕྲག་ཏུ་ཡག་པོ་ཁུར་ནས། ཀྲུང་ཧྭ་མི་རིགས་དེང་རབས་དཔལ་ཡོན་འཛུགས་སྐྱོང་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་ཅིང་། གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་སློབ་གསོ་ཇེ་དྲག་ཏུ་གཏོང་བ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྲོལ་བཟང་དར་སྤེལ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་པ་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས་ནས། དུས་རབས་གསར་པའི་རྣམ་པ་གསར་པ་གསོ་སྐྱོང་བྱེད་དགོས། རིག་གནས་དང་ཚན་རྩལ་མཉམ་བསྲེས་ཀྱི་ནུས་ལྡན་ལམ་ལུགས་འཚོལ་ཞིབ་བྱེད་པ་དང་། རིག་གནས་རྣམ་པ་གསར་པ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། རིག་གནས་ཐོན་ལས་ཀྱི་འཕར་སྣོན་གསར་པ་སྔར་བས་མང་པོ་ཆགས་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་བསྲེས་ཟབ་མོ་དང་། ཧུའུ་ནན་ས་གཞི་ཆེན་མོའི་རི་སྔོ་པོ་དང་ཆུ་དྭངས་མོ་དང་། གནམ་གཡའ་དྭངས་ཤིང་ས་གཙང་མ་སྲུང་སྐྱོང་ཡག་པོ་བྱས་ནས། རང་བྱུང་མཛེས་ལྗོངས་དང་མི་ཆོས་ཡུལ་སྲོལ་དེ་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་མཐུད་ངོ་མཚར་ལ་བསྒྱུར་དགོས་ཞེས་ནན་གསུང་གནང་བ་རེད།

  ཞི་ཅིན་ཕིང་གིས། སྤུས་མཐོའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་དགོས་ན་ངེས་པར་དུ་ཏང་གི་འཛུགས་སྐྱོང་ཇེ་དྲག་དང་ཇེ་ལེགས་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡུན་ཕན་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས། ཕྱི་ཚུལ་རིང་ལུགས་དག་ཐེར་ཟབ་མོ་རྒྱུན་མཐུད་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་གཏོང་དགོས། ཏང་གི་སྒྲིག་ལམ་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་ལམ་སློབ་སྦྱོང་དང་སྒྲིག་ལམ་ཤེས་པ། སྒྲིག་ལམ་གནད་ཆེར་འཛིན་པ། སྒྲིག་ལམ་སྲུང་བ་བཅས་ལ་སྣེ་ཁྲིད་པ། འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་སྐྱོང་དང་ དབང་ཆ་དྲང་མོ་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ།  དབང་ཆ་གཙང་མ་སྤྱོད་པ་བཅས་ལ་ལྟ་སྐུལ་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་བྱས།

  ལི་ཀན་ཅེ་དང་ཧོ་ལི་ཧྥུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་འགན་ཁུར་བློ་མཐུན་གྱིས་རྟོག་ཞིབ་ཕེབས་རོགས་བྱས་ཤིང་། ཟླ་བ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲང་ཧྲ་ནས་ཁྲང་ཧྲ་རུ་བཅའ་སྡོད་བྱས་པའི་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་ལ་སྙིང་ཉེ་བས་ཐུག་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་ནས་ཁྲང་ཧྲ་རུ་བཅའ་སྡོད་བྱས་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་ཞིང་མཉམ་པར་བསྒྲོན་པ་རེད། 

ཀྲང་ཡིའུ་ཞྭ་ཡིས་ཐུག་འཕྲད་ཕེབས་རོགས་བྱས།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942