英文|藏文 |APP W020161009565839193236.jpg | 微信 111111111.jpg

ཞི་ཅིན་ཕིང་གིས་ཕེ་རུ་ལ་ཕེབས་ནས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།

2024-05-07 来源:ཤམ་བྷ་ལ་ཆ་འཕྲིན། 分享:

ཞི་ཅིན་ཕིང་གིས་ཕེ་རུ་ལ་ཕེབས་ནས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས། 

  ས་གནས་དེ་གའི་དུས་ཚོད་ཟླ་བ་ལྔ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧྥ་རན་སིའི་རྒྱལ་ས་ཕེ་རུའི་ཨོ་ལི་གནམ་ཐང་དུ་ཕེབས་ཏེ། ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས། འཚམས་འདི་ནི་ཀྲུང་གོའི་རྒྱལ་ཁབ་གཙོ་བདག་གིས་ལོ་ངོ་ལྔའི་རྗེས་སུ་ཡང་བསྐྱར་ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། དེ་ལའང་ཀྲུང་གོ་དང་ཧྥ་རན་སིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་དྲུག་ཅུ་དང་འཕྲད་པས་ཕྱོགས་གཉིས་ཀས་ཀྲུང་གོ་དང་ཧྥ་རན་སིའི་ཕྱི་འབྲེལ་བཙུགས་དུས་ཀྱི་ཀུན་སློང་ལ་ཕྱིར་དྲན་བྱས་ནས། ལོ་རྒྱུས་ཀྱི་ལངས་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྱུང་འགྱུར་གྱི་འབྲེལ་བ་གཏོད་རྒྱུ་རེད། 

  ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧྥ་རན་སིའི་རྒྱལ་ས་ཕེ་རུའི་ཨོ་ལི་གནམ་ཐང་དུ་ཕེབས་དུས། ཧྥ་རན་སིའི་ཙུང་ལི་ཨ་ཐ་ཨེར་སོགས་ཧྥ་རན་སིའི་སྲིད་གཞུང་གི་མཐོ་རིམ་སྐུ་ཚབ་ཀྱིས་དགའ་སྤྲོ་ཆེན་པོས་བསུ་མ་གནང་ཞིང་། 

  ཞི་ཅིན་ཕིང་གིས་ཡིག་ཐོག་ནས་གསུང་བཤད་གནང་སྟེ། ཁོང་གིས་ང་ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་ཡིན་པས་དགའ་སྤྲོ་ཆེན་པོ་བསྐྱེད་བྱུང་། ཧྥ་རན་སིའི་མི་དམངས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ། ཤར་ཕྱོགས་དང་ནུབ་ཕྱོགས་དཔལ་ཡོན་གྱི་མཚོན་བྱེད་གལ་ཆེན་ཡིན་པའི་ཆ་ནས་ཀྲུང་གོ་དང་ཧྥ་རན་སིས་དུས་ཡུན་རིང་པོའི་ནང་ཕན་ཚུན་ཡི་རངས་དང་ཕན་ཚུན་ཡིད་འགུགས་བྱེད་ཀྱིན་ཡོད་ལ། ལོ་དྲུག་ཅུའི་སྔོན་ཀྲུང་གོ་དང་ཧྥ་རན་སིའི་རྒྱལ་ཁབ་གཉིས་ཀྱི་བར་འཇམ་འཐབ་ཀྱི་བཀག་རྒྱ་ལས་གྲོལ་ཞིང་གཞུང་ཚབ་ཆེན་པོ་རིམ་པའི་ཕྱི་འབྲེལ་བཙུགས་ཡོད། ལོ་དྲུག་ཅུའི་རིང་ལ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་ནང་གི་མདུན་གྲལ་དུ་ཕྱིན། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད་པར་མ་ཟད། ཟིང་ཆ་ཆེ་བའི་འཛམ་གླིང་ལའང་བརྟན་བརླིང་དང་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད། 

  འཚམས་འདྲི་བྱེད་རིང་དུ། ངས་ཙུང་ཐུང་མའེ་ཁེ་ལུང་དང་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་འཕེལ་རྒྱས་གཏོང་བ། དེ་མིན་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གནས་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གང་མང་བྱ་རྒྱུ་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཇེ་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་མོ། འཐབ་ཇུས་གཅིག་མཐུན་ལྟ་བ་གལ་ཆེན་གཅིག་བསྡུས། ཁྱབ་ཁོངས་སོ་སོའི་ནང་གི་སྤེལ་རེས་མཉམ་ལས་ཟབ་མོ། ལོ་རྒྱུས་ཀྱི་དཔལ་འབར་གྱིས་མདུན་སྐྱོད་ཀྱི་ལམ་བུ་སྟོན་ཞིང་། ཀྲུང་གོ་དང་ཧྥ་རན་སི་བར་གྱི་འབྱུང་འགྱུར་འབྲེལ་བ་སྔར་ལས་ཡག་པོ་བསྐྲུན་ནས། འཛམ་གླིང་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་འོང་བར་བྱས་རྗེས་ཆེན་པོ་འཇོག་བའི་རེ་བ་ཡོད་ཞེས་གསུངས།

  ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེན་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་འགོ་འཛིན་ཚའེ་ཆིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་རྣམས་གནམ་གྲུ་གཅིག་ནང་བསྡད་ནས་འབྱོར་བ་རེད། ཀྲུང་གོས་ཧྥ་རན་སི་ལ་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ལུའུ་ཧྲ་ཡེ་ཡང་གནམ་ཐང་དུ་བསུ་མ་ཞུས་ཤིང་།

  ཞི་ཅིན་ཕིང་གནམ་ཐང་ནས་རླངས་འཁོར་བཞུགས་ཏེ་མགྲོན་ཁང་དུ་ཕེབས་པའི་ལམ་བར། ཕྱི་སྡོད་རང་མི་དང་ཀྲུང་གོའི་ཕྱི་སྦྱོང་སློབ་མ་རྣམས་རང་མོས་ཀྱིས་ལམ་འགྲམ་དུ་བསུ་སྒུག་བྱེད་ཅིང་། ཀྲུང་གོ་དང་ཧྥ་རན་སིའི་མཛའ་མཐུན་ཡུན་རིང་གནས་པར་ཤོག  ཀྲུའུ་ཞི་ཅིན་ཕིང་གིས་ཧྥ་རན་སིའི་འཚམས་འདྲི་གནང་བར་རྒྱལ་ཁ་ཐོབ་པར་ཤོག་ཅེས་པ་སོགས་སྦྱར་ཡིག་དམར་པོ་མཐོན་རུ་སྒྲེང་ཞིང་། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུགས་ཤིང་། རྔ་རྡུང་རོལ་དཀྲོལ་དང་སེང་འབྲུག་འཁྲབ་ནས། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་ཕེབས་པར་དགའ་བསུ་རྟེན་འབྲེལ་ཞུས་པ་རེད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们 |卫视动态|播出时间表 |广告刊例 |用户协议 |举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942