ཡུལ་སྐོར་དང་མེ་ཟོན་ཟུང་འབྲེལ་བྱས་ནས་མཛེས་ལྗོངས་ཁུལ་དུ་བདེ་འཇགས་ལྡན་པའི་ཡུལ་སྐོར་ལམ་ཐིག་བཏོད་པ།
| 2023-07-12 来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། | 分享: |

ལྷ་ས་གྲོང་ཁྱེར“མེ་ཟོན་རུ་ཆེན་ཡུལ་སྐོར་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག”གིས་གཞོང་པ་ལྷ་ཆུའི་གླིང་ཁར་ཡུལ་སྐོར་བར་མེ་ཟོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

གཞིས་རྩེ་གྲོང་ཁྱེར“མེ་ཟོན་རུ་ཆེན་ཡུལ་སྐོར་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག”གིས་ངོ་མཚར་གྱི་སྨུག་གྲོག་རོང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་མེ་ཟོན་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་ནས་མེ་ཟོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

ཉིང་ཁྲི་གྲོང་ཁྱེར“མེ་གསོད་རུ་ཆེན་ཡུལ་སྐོར་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག”བྲག་ཡིབ་ཆུས་བདེ་སྐྱིད་མཚན་ཁྲོམ་དུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཡུལ་སྐོར་བ་མང་བའི་དུས་ཚིགས་སུ། མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་ཆེད། ཉིན་ཤས་བསྟུད་མར་བོད་ཀྱི་ས་གནས་ཁག་གི་མེ་ཟོན་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། རིམ་ཁག་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་དྲིལ་བསྒྲགས་པ་སྒྲིག་འཛུགས་བྱས་ཏེ། དང་བླངས་པ་དང“མེ་གསོད་རུ་ཆེན་གྱི་ཡུལ་སྐོར་དྲིལ་བསྒྲགས་ཞབས་ཞུ་རུ་ཁག”གི་རུ་མིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དེ་བཞིན་ཉེ་འགྲམ་གྱི་གླིང་ཁ་དང་གྲོང་མི་སྡོད་ཁུལ་སོགས་སུ་བསྐྱོད་དེ་ཡུལ་སྐོར་བ་དང་། ཁྱིམ་དུད། ཚོང་གཉེར་བ་བཅས་ལ་མེ་ཟོན་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་མ་ཟད། ཁོང་ཚོར་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མེ་ཟོན་བླང་བྱ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཡུལ་སྐོར་ལས་དོན་པས་ངོ་ཐུག་གདོང་འཕྲད་ཀྱིས་མཛུབ་ཁྲིད་རོགས་སྐྱོར་བྱས་པ་དང་། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ། འཕྲལ་སྡོམ་རང་སྐྱོབ་ནུས་པ་ཆེ་རུ་བཏང་བ་བཅས་བརྒྱུད་ཡུལ་སྐོར་ལས་རིགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་པ་རེད།

