ཏང་གི་རིགས་གཞུང་གསར་གཏོད་ཀྱི་ཆོས་ཉིད་རང་བཞིན་ལ་མུ་མཐུད་ནས་ངེས་ཤེས་ཇེ་ཟབ་གཏོང་དགོས།
| 2023-07-12 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཀྲུང་གོ་གུང་ཁྲན་ཏང་ཅིའི་ཕྱིར་འཇོན་ཐང་ལྡན་་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ཡང་དག་ཡིན་པ་དེ། མཐར་གཏུགས་ན་མར་ཁེ་སིའི་རིང་ལུགས་ཡང་དག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་ཡང་དག་ཡིན་པས་རེད། འདི་དག་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཡིན་པས། ང་ཚོས་མུ་མཐུད་ནས་ཏང་གི་རིགས་གཞུང་གསར་གཏོད་ཀྱི་ཆོས་ཉིད་རང་བཞིན་ལ་ངེས་ཤེས་ཟབ་མོ་སྐྱེས་ནས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་རིགས་གཞུང་གསར་གཏོད་ཐད་གྲུབ་འབྲས་གཡུར་ཟ་ཐོན་པར་བརྩོན་ལེན་བྱེད་དགོས།
༢༠༢༣ལོའི་ཟླ་བ་དྲུག་པའི་ཚེས་སུམ་བཅུ་ཉིན་ཞི་ཅིན་ཕིང་གིས་ ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱིས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ལས།

