ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་དགོས།
| 2023-07-21 来源:ཤམ་བྷ་ལ་ཆ་འཕྲིན | 分享: |
ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་སྐྱོང་བྱེད་པ་ནི་ང་ཚོས་རང་རྟོགས་སྒོས་སྒོ་འབྱེད་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་ལ་ཞབས་ཞུ་བྱེད་པར་དམིགས་ནས། ལམ་ལུགས་ཅན་གྱི་སྒོ་འབྱེད་གཙོ་བོར་བྱེད་པ་དང་། དངུལ་གཏོང་དང་ཉོ་ཚོང་། དངུལ་རྩ་དང་གསར་གཏོད་སོགས་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་གལ་ཆེན་གྱི་ཁྱབ་ཁོངས་གཙིགས་སུ་བཟུང་སྟེ། སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་དང་། གཞོགས་འདེགས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་བཏང་ནས། བརྩོན་སེམས་ཆེན་པོས་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་དགོས།
༢༠༢༣ལོའི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ལས།




