英文藏文APP W020161009565839193236.jpg | 微信 111111111.jpg

ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་འཛམ་གླིང་འབྲེལ་དྲྭ་ཚོགས་ཆེན་ཝུའུ་ཀྲེང་རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕུལ་བའི་གཟུགས་ལམ་ཤིས་ཚིག་ལ་ཀུན་གྱི་ངོས་འཛིན་གཅིག་མཐུན་བྱུང་།

2023-11-10 来源:ཤམ་བྷ་ལ་ཆ་འཕྲིན། 分享:

 ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་འཛམ་གླིང་འབྲེལ་དྲྭ་ཚོགས་ཆེན་ཝུའུ་ཀྲེང་རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཟུགས་ལམ་ནས་ཤིས་ཚིག་ཕུལ་ཏེ། འཕེལ་རྒྱས་དང་ཐོག་འཛིན་རྒྱུ་དང་བདེ་ཉེན་མཉམ་ཁུར། དཔལ་ཡོན་མིག་ལྟོས་བྱེད་དགོས་པའི་འབོད་སྐུལ་གནང་ཞིང་། སྔར་བས་ཡོངས་ཕན་དར་རྒྱས་དང་ཞི་བས་བདེ་འཇགས། འདྲ་མཉམ་གུ་ཡངས་བཅས་ཀྱི་འབྲེལ་དྲྭ་ཁྱབ་ཁོངས་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་ཡོད། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལ་ངོས་འཛིན་གཅིག་མཐུན་བྱུང་ཞིང་སྟོབས་ཤུགས་གཅིག་ཏུ་བསྡུམས་པས། ཕྱོགས་སོ་སོས་ཁ་གླེང་མོ་དང་སྤེལ་རེས་ཇེ་དྲག་དང་དོན་གཉེར་མཉམ་ལས་ཇེ་ཟབ་བཏང་ནས། དཔུང་པ་མཉམ་གཤིབས་བྱས་ནས་དྲྭ་འབྲེལ་བར་མཐོངས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་དགོས་ཞེས་བཤད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། དེང་གི་འཛམ་གླིང་ཟང་ཟིང་ཆེ་ཞིང་ལོ་ངོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་ཕྱིན། ཇི་ལྟར་འཕེལ་རྒྱས་སྐོར་གྱི་མཚལ་ཡིག་ཐག་གཅོད་དང་བདེ་འཇགས་ཀྱི་དཀའ་ཁག་སེལ་བ། དཔལ་ཡོན་མིག་ལྟོས་ཇེ་ཆེར་གཏོང་བཅས་ཅི་ལྟར་བྱེད་ཚུལ་དེ་དག་ནི་ང་ཚོས་མཉམ་དུ་མདུན་མར་བླང་དགོས་པའི་དུས་རབས་ཀྱི་གནད་དོན་རེད། ང་ཚོས་འཕེལ་རྒྱས་ཐོག་དང་པོར་བཟུང་ཞིང་། ཀུན་ལ་ཕན་ཞིང་དར་རྒྱས་འགྲོ་བའི་འབྲེལ་དྲྭའི་ཁྱབ་ཁོངས་འཛུགས་སྐྱོང་ཡང་དག་བྱེད་པ་དང་འབྲེལ་དྲྭ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བཏང་ནས། རྒྱལ་ཁབ་དང་མི་དམངས་སྔར་བས་མང་པོས་འབྲེལ་དྲྭ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འཇུག་དགོས་ཞེས་གསུངས། ཀ་ནའི་ཁོ་ཝང་གི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཉི་་ཁུའེ་ནོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འབྲེལ་དྲྭའི་བར་མཐོངས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་མཉམ་དུ་འཛུགས་སྐྱོང་བྱེད་པ་དེ་ངས་བསམ་ན་ཧ་ཅང་ཡག་པོ་རེད། དེར་བརྟེན་གནད་དོན་གསར་པ་དང་འགྲན་སློང་གསར་པ་འཕྲད་དུས། ང་ཚོས་མཉམ་དུ་ཁ་གཏད་འཇལ་དགོས་ལ།  མཉམ་དུ་བཅོས་བསྙེགས་བྱ་དགོས། ངས་བལྟས་ན་ཀྲུའུ་ཞི་ཞི་ལགས་ཀྱིས་བརྒྱུད་སྒྲོག་བྱས་པའི་ལྟ་བ་འདིས་ང་ཚོ་ལ་སྐུལ་མ་བཏང་ཡོད། ལྷག་པར་ཏུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མིའི་རིགས་ཀྱིས་རེ་འདོད་དང་མཐུན་པའི་ཞི་བདེ་དང་བདེ་འཇགས་ལྡན་པའི་ འབྲེལ་དྲྭའི་ཁོར་ཡུག་ཅིག་འཛུགས་སྐྱོང་བྱས་ནས་ཕན་ཚུན་ཀུན་ལ་ཕན་པར་བྱེད་དགོས་ཞེས་བཤད།   ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འབྲེལ་དྲྭའི་ཆ་འཕྲིན་ལྟེ་གནས་ཀྱི་འཐབ་ཇུས་ལྟེ་གནས་ཀྲུའུ་རེན་དབྱི་ནུའོ་ཧོ་ས་ཡིས། སྐབས་གཉིས་པའི་འཛམ་གླིང་འབྲེལ་དྲྭ་ཚོགས་ཆེན་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འབྲེལ་དྲྭ་འཕེལ་རྒྱས་བཅོས་སྐྱོང་ཐད་རྩ་དོན་བཞི་དང་བསམ་ཕྱོགས་ལྔ་བཏོན་ཞིང་། དྲ་བའི་བར་མཐོངས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་འགོ་བཏོན། ང་ཚོས་སྔ་ལས་ཞི་བས་བདེ་འཇགས་ཀྱི་དྲ་བའི་བར་མཐོངས་སུ་རྒྱལ་སྤྱི་མཉམ་ལས་བྱེད་དུས། གྲོས་འགོ་འདི་ནི་ནུས་པ་ལྡན་པའི་འགན་སྲུང་ཞིག་རེད་ཟེར། 

  ཀྲུང་གོའི་བཟོ་བཀོད་གླིང་གི་ཡོན་ཧྲི། ཀྲུང་ཀོན་གྲོང་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝུའུ་ཅེན་ཕིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་ལས་ཀུན་ཕན་འབྱོར་ཕྱུག་ལྡན་པའི་དྲྭ་བའི་ཁོར་ཡུག་བསྐྲུན་དགོས་པ་ནན་གསུངས་གནང་ཡོད་པས། ང་ཚོས་རབས་རྗེས་མའི་འབྲེལ་དྲྭའི་སྲོག་ཤིང་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་། དྲྭ་བའི་ཁོར་ཡུག་འཕེལ་རྒྱས་གཏོང་བའི་རྨང་གཞི་འདིང་བ། འཛམ་གླིང་རབས་རྗེས་མའི་འབྲེལ་དྲྭ་རྒྱལ་སྤྱིའི་མཉམ་ལས་ཇེ་དྲག་གཏོང་བ། ཨང་ཀིའི་ཧེ་བག་ཇེ་ཆུང་གཏོང་བ།འབྲེལ་དྲྭ་འཕེལ་རྒྱས་གཏོང་རིམ་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བཏང་ནས། རྒྱལ་ཁབ་དང་མི་དམངས་དེ་བས་མང་པོ་ལ་འབྲེལ་དྲྭ་འཕེལ་རྒྱས་འགྲོ་བའི་གྲུབ་འབྲས་ལོངས་སུ་སྤྱོད་འཇུག་དགོས་ཞེས་བཤད།

  ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་དུ་བདེ་ཉེན་མཉམ་གནས་དང་། སྔ་ལས་ཞི་བས་བདེ་འཇགས་ཀྱི་དྲྭ་བའི་ཁོར་ཡུག་འཛུགས་དགོས་པའི་གྲོས་འགོ་བཏོན་ཡོད། དྲྭ་བའི་བདག་དབང་བརྩི་བཀུར་དང་། རྒྱལ་ཁབ་སོ་སོའི་འབྲེལ་དྲྭའི་འཕེལ་རྒྱས་ལམ་བུ་དང་བཅོས་སྐྱོང་བྱེད་ཐབས་ལ་བརྩི་བཀུར། དྲྭ་བའི་བར་མཐོངས་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་བ་དང་དྲྭ་བའི་བཙན་དབང་བྱེད་མི་ཉན་ལ། དྲྭ་བའི་བདེ་འཇགས་དོན་གཉེར་མཉམ་ལས་ཟབ་སྤེལ་བཏང་ནས་གཞི་གྲངས་བདེ་འཇགས་དང་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཟོ་དགོས་ཞེས་བཤད།

  ཀྲུང་གོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་ལི་ལི་ཀུང་གིས། དྲྭ་བའི་བདེ་འཇགས ་ནི་དྲྭ་བའི་བར་མཐོངས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འགན་སྲུང་གལ་ཆེན་ཡིན་པས། ང་ཚོས་འཛམ་གླིང་དྲྭ་བའི་བདེ་འཇགས་སྒྲིག་སྲོལ་གཏན་འབེབས་དང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ཧུར་ཐག་བྱེད་པ་དང་། དྲྭ་བའི་བདེ་འཇགས་ཀྱི་ཐོན་རྫས་ལག་རྩལ་གསར་གཏོད་ཇེ་དྲག་བཏང་ནས་དྲྭ་བའི་ཁོར་ཡུག་སྔ་ལས་བདེ་འཇགས་དང་འཆམ་མཐུན། ཀུན་ཕན་དར་རྒྱས་གཏོང་དགོས་ཞེས་བཤད།

  འཛམ་གླིང་སྤོ་འཕྲིན་བརྡ་འཕྲིན་མ་ལག་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཧུང་ཡའོ་ཀྲོང་གིས།  ཀྲུའུ་ཞི་ཞི་ལགས་ཀྱིས་ང་ཚོས་ལ་དམིགས་འབེན་བཏོན་ཏེ། ཁོང་གིས་འཛམ་གླིང་ཧྲིལ་པོས་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་གནང་བ་དེ། ངས་བལྟས་ན་ ཁོང་གིས་གསུངས་པའི་ཆ་འཕྲིན་གལ་ཆེན་ཞིག་བསམ་འདུག དེར་བརྟེན་ང་ཚོས་དྲྭ་བའི་བདེ་འཇགས་དང་དྲྭ་བའི་བདག་དབང་བརྩི་བཀུར་བྱེད་དགོས། ང་ཚོས་རྒྱལ་ཁབ་ཚང་མའི་དབང་ཆར་བརྩི་བཀུར་བཟོ་དགོས་པར་མ་ཟད་མཉམ་ལས་བྱེད་དགོས་ལ། གླེང་མོལ་དང་སྤེལ་རེས་མཉམ་ལས་བྱེད་པ་ནི་འཛམ་གླིང་གི་གནད་དོན་མང་པོ་ཐག་གཅོདཔའི་རྨང་གཞི་ཡིན་གཤིས། ང་ཚོས་ཀྲུའུ་ཞི་ཞི་ཡི་དགོངས་པ་གོ་ཡོད་པས་དགའ་པོ་བྱུང་ལ། ང་ཚོས་ལྟ་བ་འདི་ལ་འདོད་མོས་ཆེན་པོ་ཡོད་ཅེས་བཤད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་དུ་ཤེས་དཔལ་ཕན་ཚུན་མིག་ལྟོས་བྱེད་པ་དང་། སྔར་ལས་འདྲ་མཉམ་ཞིང་གུ་ཡངས་པའི་དྲྭ་རྒྱའི་ཁོར་ཡུག་འཛུགས་པའི་སྐུལ་མ་གནང་ཡོད། དྲྭ་ལམ་གྱི་སྤེལ་རེས་དང་གླེང་མོལ་ཐད་ཤུགས་རྒྱག་པ་དང་།  རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་ལོན་དང་བརྩེ་བ་ཇེ་ཟབ་གཏོང་བ་དང་། ཤེས་དཔལ་མི་འདྲ་བའི་བར་གུ་ཡངས་མཉམ་གནས་ཡོང་བར་སྐུལ་འདེད་བྱེད་པ། མི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་སྔར་ལས་དར་སྤེལ་དང་། ཧུར་ཐག་གིས་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས། མཉམ་གཅིག་ཏུ་དྲྭ་ལམ་གྱི་བསམ་པའི་ཁྱིམ་གཞིས་འཛུགས་དགོས་ཞེས་གསུངས་ཡོད།

  ཀྲུང་གོའི་ཕྱི་ཡིག་ཅུས་ཕྱི་ཡིག་དཔེ་སྐྲུན་ཁང་གི་མཚན་འཛིན་དབྱིན་ཡིག་རྩོམ་སྒྲིག་པ་གཙོ་བོ་ཏྭ་ཝེ་ཧྥོ་ཀེ་སིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སང་གི་ཤིས་ཚིག་ནང་དཔལ་ཡོན་ཕན་ཚུན་མིག་ལྟོས་དང་། རིག་གནས་སྤེལ་རེས་ཇེ་དྲག་བཏང་སྟེ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་གོམ་སྟབས་ཁྲོད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་འདོན་དགོས་ཞེས་གསུངས་ཡོད། ཀྲུང་གོའི་དཔལ་ཡོན་མིག་ལྟོས་དང་སྤེལ་རེས་ཐད་མཉམ་རྒྱལ་ཡོང་རྒྱུ་དམིགས་སུ་འཛིན་ཞིང་། རྒྱལ་ཁབ་གཞན་པ་རྣམས་སྣེ་ཁྲིད་དེ་མཉམ་དུ་འཕེལ་རྒྱས་གཏོང་བ་དང་ཚང་མ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་བཅུག་པ་རེད་ཅེས་བཤད།

ཐུན་ཞུན་སྤྱི་གཉེར་ཁང་གི་སྤྱི་འདོམས་གཞོན་པ་ཀྲང་ལི་ཅུན་གྱིས། འབྲེལ་དྲྭ་རྨང་གཞིར་བྱས་པའི་ཚན་རྩལ་དང་རིག་གནས་ཟུང་འབྲེལ་གྱི་ཁེ་ལས་ཞིག་ཡིན་པའི་ཆ་ནས། ང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཨང་ཀིའི་ཕོ་ཉ་ཡག་པོ་བྱས་ཏེ། ཨང་ཀིའི་ལག་རྩལ་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་དུ་འགྱུར་བ་དང་གསར་གཏོད་རང་བཞིན་འཕེལ་རྒྱས་བཏང་ནས། འཛམ་གླིང་ཡོངས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་བློ་གྲོས་འདུས་པའི་ཕུལ་བྱུང་རིག་གནས་མང་པོ་མཚམས་སྦྱོར་བྱ་རྒྱུ་ཡིན་ཞེས་བཤད།

  ཏུན་ཧོང་ཞིབ་འཇུག་གླིང་གི་འགོ་འཛིན་སུའུ་པོ་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ང་ཚོ་ལ་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཕྱིར་མངོན་པ་དང་། དཔལ་ཡོན་རྒྱུན་འཛིན་འཕེལ་གསུམ་སྐུལ་སྤེལ་ཧུར་ཐག་བྱེད་དགོས། དེའི་འཕྲོར་ང་ཚོས་ཏུན་ཧོང་གི་ཕུལ་བྱུང་རིག་གནས་དང་འབྲེལ་དྲྭའི་ལག་རྩལ་ཟུང་འབྲེལ་བྱས་ཏེ། ཏུན་ཧོང་གི་རིག་གནས་ཕྱི་རུ་ཁྱབ་གདལ་དང་རྒྱལ་སྤྱིའི་གར་སྟེགས་སུ་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད།

  ཀྲེ་ཅང་ཞིང་ཆེན་ཆ་འཕྲིན་ཅན་འཕེལ་རྒྱས་ཞིབ་འཇུག་གླིང་གི་དབུ་བཞུགས་ཆེད་མཁས་པ་ཁྲིན་ཁྲོའུ་ཡུང་གིས། ང་ཚོས་ཨང་ཀིའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་རིག་གནས་ཐོན་རྫས་སྤུས་ལེགས་ཐོན་སྐྱེད་དང་བརྒྱུད་བསྒྲགས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་ཤེས་རིག་གྲུབ་འབྲས་སྔར་ལས་སྔོག་འདོན་དང་དར་སྤེལ་གཏོང་བ་ཆབས་ཅིག འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཤེས་དཔལ་གྲུབ་འབྲས་སྔར་ལས་བརྩོན་ལེན་བྱས་ཏེ། མཉམ་དུ་ཨང་ཀིའི་དཔལ་ཡོན་གྱིས་མིའི་རིགས་ཀྱི་བདེ་སྐྱིད་འཚོ་བའི་ཁོར་ཡུག་དང་མ་འོངས་གསར་གཏོད་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བྱེད་དགོས་ཞེས་བཤད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942