མཛོད་དགེ་རྫོང་གིས་༢༠༢༤ལོའི་རི་ཆུའི་གནོད་འཚེ་འགོག་སྲུང་ཤེས་བྱའི་གསོ་སྦྱོང་ཚོགས་འདུ་འཚོགས།
| 2024-04-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གེགས་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱ་ཆེད། གནོད་འཚེ་ཚབ་ཆེན་འགོག་པ་དང་ཆུ་ལོག་ཆེན་པོ་འགོག་པ། ཉེན་ཁ་ཆེ་བ་འགོག་པ། གནོད་འཚེ་ལས་གཡོལ་བ། ཆུ་ལོག་གནོད་འཚེ་ཉེན་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་། སྐོར་ཞིབ་བྱེད་པ། ཉེན་གཡོལ་སྤོ་སྒྱུར་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཆུ་ལོག་གནོད་འཚེ་འགོག་སྲུང་དོ་དམ་མི་སྣའི་འགན་འཁྲིའི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་ཤི་རྨས་ཀྱི་དོན་རྐྱེན་མི་ཐོན་པའི་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཕྱོགས་ཡོངས་ནས་འགན་ལེན་བྱ་དགོས། ཟླ་4ཚེས་22ཉིན། མཛོད་དགེ་རྫོང་ཆུ་དོན་ཅུས་ཀྱིས་2024ལོའི་ཆུ་ལོག་གནོད་འཚེ་འགོག་སྲུང་ཤེས་བྱའི་གསོ་སྦྱོང་བྱས་པ་རེད། ཆུ་ལོག་གི་གནོད་འཚེ་ཉེན་ཆེའི་ཁུལ་གྱི་ཡུལ་གྲོང་གི་ལས་བགོས་འགན་འཁུར་བ་དང་ལས་གཉེར་མི་སྣ་གསོ་སྦྱོང་ཁྲོད་ཞུགས།
གསོ་སྦྱོང་ཚོགས་འདུར། རྫོང་ཆུ་དོན་ཅུས་ཀྱི་འགན་འཁུར་བས་རང་ཁུལ་གྱི་དྲག་ཆར་གི་རིམ་པ་དབྱེ་བ་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་རྒྱང་འཇལ་ས་ཚིགས་ཀྱི་ཡན་ལག་གནས་ཚུལ། རི་ལོག་གནོད་འཚེའི་ཉེན་ཁའི་ཁུལ་རིམ་པ་དབྱེ་ཚུལ་བཅས་ངོ་སྤྲོད་བྱས་པ་རེད། ཕྱོགས་གསུམ་པའི་ལག་རྩལ་ཞབས་ཞུ་ཀུང་སིའི་ཆེད་ལས་ལག་རྩལ་མི་སྣས་གྱོད་དཔེ་ཞིབ་ཕྲ་དབྱེ་ཞིབ་དང་། མངོན་མེད་རྐྱེན་ངན་ཞིབ་བཤེར། ཆུ་ལོག་སྔོན་འགོག་ཇུས་གཞི། དྲིལ་བསྒྲགས་། སྦྱོང་བརྡར་སོགས་ཀྱི་ཐད་ནས་རི་ལོག་གནོད་འཚེ་འགོག་པའི་ཤེས་བྱར་གསོ་སྦྱོང་བྱས་པ་དང་འབྲེལ་ཡུལ་དངོས་ནས་རི་ལོག་ཉེན་ཁའི་ཁུལ་གྱི་ཉེན་བརྡ་གཏོང་ཆས་དང་ཉེན་བརྡ་གཏོང་བའི་སྒྲིག་ཆས་86སྤྲད་དེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བའི་ཆ་འཕྲིན་བརྒྱུད་བསྒྲགས་ཐུབ་རྒྱུའི་འགན་ལེན་བྱས།




