ལོ་རྒྱུས་ཐོག་ཐེངས་པོར་རྒྱལ་ནང་གི་གསེར་གྱི་རྒྱན་ཆའི་རིན་གོང་ཁེ་རེར་སྒོར་༩༠༠ལས་བརྒལ་ཡོད།
| 2025-03-15 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཉིའུ་ཡོའུ་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨང་སི་༼རྒྱལ་སྤྱི་ཐོག་གི་ལྗིད་ཚད་འཇལ་གཞི་ཞིག༽རེར་ཐེངས་དང་པོར་ཨ་སྒོར་༣༠༠༠ལས་བརྒལ་བ་དང་བསྟུན་རྒྱལ་ནང་གི་གསེར་གྱི་རྒྱན་ཆའི་གོང་ཚད་ཀྱང་རིམ་བཞིན་འཕར་ནས་ལོ་རྒྱུས་ཐོག་གསེར་གོང་མཐོ་ཤོས་གྱུར་ཡོད།
ཚེས་བཅུ་བཞི་ཉིན་མི་དམངས་ཤོག་སྒོར་ཐོག་ནས་རིན་གོང་བརྩིས་པའི་གསེར་གྱི་དུས་བཅད་ཚོང་ཟོག་དང་ལག་ཡོད་ཚོང་ཟོག་གི་རིན་གོང་གཅིག་རྗེས་གཉིས་མཐུད་དུ་འཕར་ནས་ཀྲོའུ་ཏ་ཧྥུའུ་སོགས་སྤུས་རྟགས་གསེར་ཚོང་ཁང་གི་གསེར་གྱི་རྒྱན་ཆའི་རིན་གོང་ཐེངས་དང་པོར་ཁེ་རེར་སྒོར་༩༠༠ལས་བརྒལ་བ་མ་ཟད། ཁེ་རེར་སྒོར་༩༠༥ཡས་མས་ཀྱི་རིན་གོང་བཏོན་ཏེ་སླར་ཡང་གསེར་གོང་མཐོ་ཤོས་ཀྱི་དུས་ལ་སླེབས་ཡོད།
ཤར་ཕྱོགས་ཅིན་ཁྲེང་ཞིབ་འཇུག་འཕེལ་རྒྱས་པུའུ་ཡི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཆུས་རུའེ་ཡིས་ཉིའུ་ཡོའུ་གསེར་གྱི་དུས་བཅད་ཚོང་ཟོག་ཨང་སི་༼རྒྱལ་སྤྱི་ཐོག་གི་ལྗིད་ཚད་འཇལ་གཞི་ཞིག༽རེར་ཐེངས་དང་པོར་ཨ་སྒོར་༣༠༠༠༠ལས་བརྒལ་བ་དེ་ནི་གཙོ་བོ་ཉེན་ཁ་གཡོལ་བའི་སེམས་ཁྲེལ་བྱུང་བ་ཇེ་མགྱོགས་སུ་ཕྱིན་པ་དང་རྒྱུག་དངུལ་སྟོང་འཕར་འགྲོ་བའི་སྔོན་དཔག་དམའ་རུ་སོང་བ་སོགས་ཀྱི་རྐྱེན་གྱིས་ཡིན་པ་བསྟན། ཞིབ་ཀྱིས་དཔྱད་ན་ཨ་རིས་སླར་ཡང་སྒོ་ཁྲལ་གྱི་འཇིགས་སྐུལ་སྤེལ་ནས་ཡོ་རོབ་མནའ་འབྲེལ་གྱི་ཨ་རག་རིགས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་བརྒྱ་ཆ་༢༠༠བསྡུ་རྒྱུ་ཡིན་ཞེས་བཤད་པ་དང་། དེ་མིན་ཨ་རི་དང་ཡོ་རོབ་ཚོང་དོན་དམག་འཁྲུག་སླར་ཡང་ཇེ་སྡུག་ཕྱིན་ནས་ཁྲོམ་རའི་ཉེན་ཁ་གཡོལ་བའི་སེམས་ཁྲེལ་ཆེ་རུ་ཕྱིན་པས་གསེར་གྱི་དགོས་མཁོར་སྐུལ་མ་ཐེབས་ཡོད་པ་རེད།
གཞན་ཡང་གསར་དུ་ཁྱབ་བསྒྲགས་བྱས་པའི་ཨ་རིའི་ཟླ་གཉིས་པའི་རྒྱུག་དངུལ་སྟོང་འཕར་ཤོར་ཚུལ་གྱི་གཞི་གྲངས་ཉམས་ཞན་དུ་ཕྱིན་ནས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་སྐྱེད་ཀ་དམའ་རུ་གཏོང་བའི་སྔོན་དཔག་ཤུགས་ཆེ་རུ་ཕྱིན་ནས་གསེར་གྱི་རིན་གོང་མཐོ་རུ་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་ཡོད་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




