ཞི་ཅིན་ཕིང་གིས་༢༠༢༥ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་འདུ་ཚོགས་ལ་ཤིས་འཕྲིན་སྤྲིངས།
| 2025-09-11 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དགུ་པའི་ཚེས་བཅུ་ཉིན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༥ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་འདུ་ཚོགས་ལ་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་གིས་དེང་སང་འཛམ་གླིང་དཔལ་འབྱོར་རྣམ་་པ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོདཔས། འཛམ་གླིང་འཕེལ་རྒྱས་ལ་འགྲན་སློང་དང་གོ་སྐབས་གཉིས་ལྡན་ཡིན་ཕྱིར།ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་བརྟན་པོ་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་གང་ལེགས་བྱེད་པ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་། རྒྱལ་ཁབ་ཞབས་ཞུ་ཉོ་ཚོང་གསར་གཏོད་འཕེལ་རྒྱས་དཔེ་སྟོན་ཁུལ་སོགས་སྟེགས་བུ་སྔོན་ནས་ལག་བསྟར་དང་ཚོད་ལྟ་བྱེད་ཅིང་། ཞབས་ཞུའི་ཚོང་ར་སྒོ་རབ་འབྱེད་པ་དང་། ཞབས་ཞུ་ཉོ་ཚོང་སྤུས་མཐོའི་འཕེལ་རྒྱས་གཏོང་བ། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། འཛམ་གླིང་ཞབས་ཞུ་ཉོ་ཚོང་སྒོ་འབྱེད་གསར་གཏོད་མཉམ་ལས་བྱེད་པ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྒུལ་སྤེལ་བྱས་་ནས་རྣམ་གསར་འདོན་དགོས་ཞེས་གསུངས་པ་རེད།
༢༠༢༥ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་འདུ་ཚོགས་ཉིན་འདིར་པེ་ཅིན་དུ་འཚོག་འགོ་བརྩམས། ཨང་ཀི་དང་རིག་ནུས་ཀྱིས་སྣེ་ཁྲིད་དེ་ཞབས་ཞུ་ཉོ་ཚོང་གི་རྣམ་པ་གསར་པ་གཏོད་དགོས་ཞེས་པ་བརྗོད་བྱ་བྱས་ཏེ་ ཚོང་དོན་པུའུ་དང་པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།




