ཞི་ཅིན་ཕིང་གིས་ཁོ་རེ་ཡ་ལྷོ་མར་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་མཇུག་
| 2025-11-04 | 分享: |
ས་གནས་དེ་གའི་དུས་ཚོད་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཉིས་པ་དང་། ཁོ་རེ་ཡ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཇུག་བསྒྲིལ་ནས་ཕྱིར་པེ་ཅིན་དུ་ཕེབས་པ་རེད། གནམ་ཐང་ལ་ཕེབས་པའི་ལམ་བར་དུ། ཀྲུང་གོའི་ཕྱི་འགྲིམས་སློབ་མ་དང་། ཀྲུང་གོའི་མ་རྩའི་ཁེ་ལས་ཀྱི་སྐུ་ཚབ་ཀྱིས་ཕེབས་ལམ་འགྲམ་གཉིས་སུ་ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མའི་རྒྱལ་དར་གཡུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་བདེ་བླག་ཡོང་བར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས། ཧྥུའུ་ཧྲན་དང་ཞལ་གྱེས་སྐབས། ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་དཔོན་པོ་ཀྲའོ་ཞན་སོགས་མཐོ་རིམ་དཔོན་པོས་གནམ་ཐང་དུ་སྐྱེལ་མ་གནངས།




