ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད།
| 2025-11-04 | 分享: |
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་བླང་བྱ་གསར་པ་བཏོན་ཡོད་ལ། ཉིན་བསྟུད་མའི་རིང་། ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་གི་དམར་སྒར་རེ་རེར། རྒྱ་ཆེའི་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་བཞིན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་སྐབས་རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་འདེང་འཇོག་གང་ལེགས་བྱས་ཤིང་། དེས་རང་དམག་གིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གནས་བབ་གསར་པར་གཏོད་པ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་ཡོད་ལ་རྩ་བའི་རྩི་བྱ་མཁོ་འདོན་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་བགྲོ་གླེང་ཁྲོད། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི། རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཆེན་པོ་རྒྱུན་འཁྱོངས། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་ནས། གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་གི་དུས་རབས་གསར་པའི་སྟོབས་ལྡན་དམག་གི་དམིགས་འབེན་འགྲུབ་པར་འབད་པ་ཆེན་པོས་མདུན་དུ་སྐྱོད་པ་བཅས་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཀྲུང་དབྱང་དམག་ཨུ་རྒྱལ་ཕྱོགས་འགན་སྲུང་པུའུ་ཡི་ཐའོ་ཞི་ཕེན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕིང་གི་དམག་སྟོབས་དགོངས་པའི་ཚན་རིག་མཛུབ་སྟོན་འོག ང་ཚོའི་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་འདི་ལ་དུས་རབས་གསར་པའི་ནང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་བརྩོན་དམིགས་འབེན་འགྲུབ་པ་ལ་བྱས་རྗེས་འཇོག་དགོས་ཅེས་བཤད། མཉམ་འབྲེལ་རྒྱབ་ཕྱོགས་འགན་སྲུང་དམག་དཔུང་ཆབ་སྲིད་ལས་སྒྲུབ་པུའུ་ཡི་ཧོང་ཅེ་ཡིས། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར། རང་དམག་གིས་ཏང་གི་དབུ་ཁྲིད་དང་འཛུགས་སྐྱོང་ལས་ཀའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་འདེགས་གཏོང་ཞིང་། ཆབ་སྲིད་ཀྱི་ཐོག་དམག་འཛུགས་སྐྱོང་བྱེད་པའི་བླང་བྱ་འཆར་འགོད་སྒྲིག་བཀོད་དང་ལག་བསྟར་གྱི་གོ་རིམ་ཡོངས་སུ་ལག་ལེན་བྱེད་དགོས་ཞེས་བཤད། ནུབ་རྒྱུད་འཐབ་ཁུལ་གྱི་དམག་དཔུང་ག་གེ་མོའི་ཀྲའོ་ཐུང་ཧུའེ་ཡིས། ཚངས་འཛོམས་གྲོས་ཚོགས་ཐོག་གི་གྲོས་ཆོད་བཀོད་སྒྲིག་དག་ལས་ང་ཚོའི་ཏང་འཛུགས་སྐྱོང་བྱས་ནས་རྒྱལ་སྲུང་ཇེ་བརྟན་དང་དམག་དཔུང་སྟོབས་ལྡན་གཏོང་བའི་ཆོད་སེམས་ཆེན་པོ་མངོན་ཡོད་པས། ང་ཚོས་ཡིད་ཆེས་ཆེན་པོ་འདི་དོན་དངོས་བྱ་སྤྱོད་ལ་བསྒྱུར་བ་དང་། ནུས་རྩལ་འཇོན་ཐང་ཆེན་པོས་རྒྱལ་ཁབ་ཀྱི་གཙོ་བདག་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་གྱི་འཐབ་ཇུས་ནུས་པ་མཐོར་འདེགས་གཏོང་དགོས་ཞེས་བཤད།
དཔོན་དམག་ཡོངས་ཀྱིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་སུ། ངེད་དམག་གིས་དམག་འཛུགས་ལོ་བརྒྱ་ཐམ་པའི་འབད་བརྩོན་དམིགས་འབེན་འགྲུབ་པའི་རྨང་གཞིའི་ཐོག སྤུས་ཚད་མཐོན་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་སྤེལ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ཧྲིལ་པོ་ཆ་ཚང་ཞིང་ཁྱོན་ཡོངས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྱོང་དང་། ངེད་དམག་གི་འཛུགས་སྐྲུན་འཕེལ་རྒྱས་གཏོང་དུས་སྤུས་ཚད་བཅོས་བསྒྱུར་དང་། ནུས་པ་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བྱས་ནས། བཅོས་བསྒྱུར་བྱེད་ཐབས་དངོས་ཀྱིས་འཐབ་རྩོད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་།དེ་བས་དམག་དཔུང་གི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་གཏང་དགོས་ཞེས་བཤད། མཁའ་དམག་པུའུ་ག་གེ་མོའི་ཀྲུའུ་ཀྲི་ཧུའེ་ཡིས། ང་ཚོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞིའི་བཀའ་འབོད་ལག་བསྟར་བརྟན་པོ་བྱེད་དེ། ཏང་གི་བློ་ལ་འབབ་ཅིང་མི་དམངས་ཀྱི་ཡིད་ཆེས་ཆོག་པའི་མཁའ་དམག་དམག་ཧྲག་ཅིག་བསྐྲུན་དགོས་ཞེས་བཤད། མཚོ་དམག་ཧྲན་ཏུང་དམག་གྲུའི་ཀྲང་མའོ་ཅི་ཡིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་ལག་བསྟར་ནན་མོ་དང་། དམག་དཔུང་སྟོབས་ལྡན་གཏོང་བའི་བྱ་གཞག་རླབས་ཆེན་ནང་གདོང་མཆོང་པ་དང་མདུན་མར་སྐྱོད་དགོས་ཞེས་བཤད། མེ་ཤུགས་འཕུར་མདའི་དམག་དཔུང་པུའུ་ག་གེ་མོའི་ཀྲོའུ་ཧོང་ཁྲའོ་ཡིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་སྟོབས་ཀྱིས་མཛུབ་སྟོན་དང་དམག་དཔུང་འཐབ་འཛིང་གི་ནུས་པ་མཐོར་གཏོང་བར་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག སྔོན་ཐོན་འཐབ་འཛིང་ནུས་པ་འཛུགས་སྐྱོང་ཇེ་མགྱོགས་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་ལག་བསྟར། ཕུང་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཇེ་དྲག་གཏང་དགོས་ཞེས་བསྟན་ཡོད། རྒྱ་ཆེ་བའི་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དེ་དམག་སྦྱོང་དམག་གྲབས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དེ། འཐབ་ཇུས་དོ་དམ་གྱི་སྤུས་ཀ་ཇེ་ཡག་གཏོང་ཞིང་། དམག་དོན་དོ་དམ་གསར་བརྗེ་ཇེ་མགྱོགས་གཏོང་བ།འཐབ་འཛིང་དང་འཛུགས་སྐྱོང་གཅིག་འགྱུར་འཆར་འགོད། ས་ཁོངས་བརྒལ་བར་གཅིག་འགྱུར་འཆར་འགོད།དམག་དང་ས་གནས་གཅིག་འགྱུར་འཆར་འགོད་བྱེད་ཅིང་།འཛུགས་འཐབ་གྲབས་གསུམ་ཕུང་གཅིག་ཏུ་མདུན་སྤེལ་རྒྱུན་འཁྱོངས་པ།མུ་མཐུད་དུ་དུས་རབས་གསར་པའི་འགན་འཁྲིའི་ལས་འགན་གྱི་ནུས་པ་ཇེ་དྲག་བཏང་ནས། དམག་འཛུགས་ལོ་བརྒྱའི་འབད་བརྩོན་དམིགས་འབེན་འགྲུབ་པར་འབད་བརྩོན་བྱ་དགོས་ཞེས་བསྟན།
དྲག་ཆས་ཉེན་རྟོག་པེ་ཅིན་སྤྱི་ཁྱབ་རུ་ཁག་པུའུ་ག་གེ་མོའི་སུན་ཅེན་ཅུན་གྱིས། ང་ཚོས་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་བརྟན་པོ་དང་། ཏང་གི་དུས་རབས་གསར་པའི་ནང་གི་དམག་དཔུང་སྟོབས་ལྡན་དམིགས་འབེན་ཁོང་དུ་ཆུད་ནས། ཏང་དང་མི་དམངས་ཀྱི་བློ་ཁེལ་ཆོག་པའི་བློ་སེམས་དཀར་བའི་འཐབ་འཛིང་པ་ཞིག་བྱེད་རྒྱུ་ཡིན་ཞེས་བཤད། ཤོག་སྒྲིག་དཔུང་ཚོགས་དོན་དགུ་པའི་མཉམ་བསྲེས་སྟོང་ཤོག་གི་ཝང་ཅུན་ལའེ་ཡིས། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བ། མ་གནས་དམའ་བ། རྒྱུན་མཐུད་འཕེལ་རྒྱས་ལམ་བུའི་ཐོག་ངེས་པར་དུ་སྐྱོད་དགོས་པ་དང་། ངེད་དམག་འཛུགས་སྐྲུན་འཕེལ་རྒྱས་གཏོང་དུས་སྤུས་ཚད་བཅོས་བསྒྱུར་དང་། ནུས་པ་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བཅས་བྱས་ནས། གྲངས་འབོར་གོང་འཕར་ནས་སྤུས་ཚད་ཡར་རྒྱས་བྱེད་་དགོས་ཟེར། ཆ་འཕྲིན་རམ་འདེགས་དམག་དཔུང་གི་པུའུ་ག་གེ་མོའི་ཧྲིན་དབྱང་གིས། ཀྲུའུ་ཞི་ཞིའི་བླང་བྱ་ལྟར། དམག་སྟོབས་དང་རྒྱལ་ཁ་ལོན་པའི་དམིགས་ཆེ་འཛིན་ནས་ཀུན་ལས་རྣམ་པར་རྒྱལ་བའི་འཇོན་ཐང་དངོས་དང་ནུས་པ་ཆེན་པོ་སྦྱོང་བརྡར་བྱེད་དགོས་ཞེས་བཤད་པ་རེད།




