ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པས་ཨུ་རུ་སུའི“ཞི་བདེའི་འཆར་གཞི”དང་ཨུ་རུ་སུ་དང་ཨ་རིའི་གྲོས་མོལ་པར་གཞིར“ཁྱད་པར་ཧ་ཅང་ཆེན་པོ་ཡོད” པར་བཤད།
| 2025-12-29 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཚེས26ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལི་ཡ་པུའུ་ཁོ་ཧྥུའུ་ཡིས་བཤད་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་བཏོན་པའི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་བའི“ཞི་བདེའི་འཆར་གཞི”དང་ཨུ་རུ་སུ་དང་ཨ་རིའི་གྲོས་མོལ་པར་གཞིར“ཁྱད་པར་ཧ་ཅང་ཆེན་པོ་ཡོད”པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཨ་རིའི་མགོ་ཁྲིད་པ་ཨན་ཁེ་ལེ་ཆིར་ཐུག་འཕྲད་བྱེད་སྐབས་གཏན་འཁེལ་བྱས་པའི་གྲོས་མོལ་སྒྲོམ་གཞི་དེ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།
ལི་ཡ་པུའུ་ཁོ་ཧྥུའུ་ཡིས་བརྙན་འཕྲིན་ལེ་ཚན་ཞིག་གི་ནང་དུ་ཝུའུ་ཁི་ལན་ཕྱོགས་ཀྱིས་བཏོན་པའི་ཕྱོགས20ཡི“ཞི་བདེའི་འཆར་གཞི”ཟེར་བ་དེ་ཨུ་རུ་སུ་ཕྱོགས་ཀྱིས་ཟླ12པའི་ཟླ་སྟོད་ནས་ཨ་རི་ཕྱོགས་དང་གྲོས་བསྡུར་བྱེད་མགོ་བརྩམས་པའི“ཞི་བདེའི་འཆར་གཞི”དང་གཏན་ནས་མི་འདྲ་ཟེར། ཁོས་མིག་སྔར་གདོང་ཐུག་ཐག་གཅོད་བྱེད་པར་ཐག་ཉེ་མོད། འོན་ཀྱང་མཐའ་མའི་གདོང་མཆོང་དུས་རིམ་གྱི་གནད་དོན་་ལེགས་འགྲུབ་འབྱུང་ཐུབ་མིན་དང་གྲོས་མཐུན་འཇོག་ཐུབ་མིན་དེ་འབྲེལ་ཡོད་ཕྱོགས་ཀྱི་ཆབ་སྲིད་ཀྱི་འདོད་བློ་ལ་རག་ལས་ཡོད་ཅེས་བཤད།
ལི་ཡ་པུའུ་ཁོ་ཧྥུའུ་ཡིས་མཐའ་མའི་གདོང་མཆོང་ུདས་རིམ་ནང་འཕྲད་པའི་མི་ལེགས་པའི་རྒྱུ་རྐྱེན་བསྟན་པའི་ནང་། ཝུའུ་ཁི་ལན་དང་དེ་མིན་ཡོ་རོབ་མནའ་འབྲེལ་གྱི་རྒྱབ་སྐྱོར་བྱེད་མཁན་ཚོས“ནུས་ཤུགས་གང་ཡོད་ཀྱིས་གྲོས་མཐུན་འཇོག་པར་གཏོར་བཤིག་གཏོང་བཞིན་ཡོད”ཅེས་བཤད། ཁོས་མཐའ་མའི་དུས་རིམ་ནང་གཏན་འཁེལ་བྱས་ན་གྲོས་མཐུན་འཇོག་པར་ཕན་ཐོགས་མེད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ངོ་བོའི་སྟེང་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཞི་བདེའི་གྲོས་མཐུན་འཇོག་པར་འབད་བརྩོན་བྱེད་བཞིན་ཡོད་ཅེས་ནན་བཤད་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།




