ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོ་འཕུར་མདེལ་འཇབ་རྒོལ་གྱི་འཇིགས་སྐུལ་དང་འཕྲད་ཡོད་ཟེར།
| 2025-12-29 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཚེས27ཉིན་གྱི་ཐོ་རེངས་དུས་སུ། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཨུ་རུ་སུའི་དམག་དཔུང་གི་སྨི་ཀེ-31དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས། ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོར་འཕུར་མདེལ་གྱིས་འཇབ་རྒོལ་བྱེད་བཞིན་ཡོད་ཟེར།
ས་གནས་དེའི་ཐོ་རེངས་སྐབས་ཀྱི་དུས་ཚོད1དང་སྐར་མ30ཙམ་ལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་དུ་འབར་གས་ཀྱི་སྒྲ་དྲག་པོ་ཐེངས་མང་ཐོས་ཡོད་པ་རེད།
ཅི་ཧྥུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཐེ་ཁ་ཆིན་ཁོ་ཡིས་ཉིན་དེའི་ཐོ་རེངས་དུས་སུ་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས། ཨུ་རུ་སུའི་དམག་དཔུང་གིས་ཅི་ཧྥུའུ་གྲོང་ཁྱེར་ལ་འཇབ་རྒོལ་བྱེད་བཞིན་ཡོད་པར་བཤད། ཐེ་ཁ་ཆིན་ཁོ་ཡིས་ས་གནས་དེའི་གྲོང་མིར་བདེ་འཇགས་འགོག་སྲུང་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།




