དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།
| 2025-12-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྒོ་འབྱེད་ཀྱི་ཀྲུང་གོ་ཁོ་ནས་དེང་རབས་ཅན་གྱི་ཀྲུང་གོ་མངོན་འགྱུར་བྱེད་ཐུབ་ཅེས་གསུངས་ཡོད། ༢༠༢༥ལོར། འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་མདུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱིས་ཕྱི་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་གང་ནུས་དང་ཕྱི་དངུལ་ནང་འདྲེན་ལ་ཤུགས་རྒྱག་ཅིང་། ནུས་ཤུགས་ཡོད་རྒུས་ཚད་གཞི་དང་ལམ་སྲོལ། དོ་དམ། སྒྲིག་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་གཏོང་གང་ཐུབ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྒུལ་ནུས་དྲག་པོ་བསྣན་ཡོད།
ལོ་མཇུག་ལ། ཀྲུང་གོའི་ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་བརྟན་ལ་མུ་མཐུད་དུ་ནུས་ཤུགས་འདོན་བཞིན་ཡོད་དེ།
ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་དངོས་སུ་སྒོ་ཁྲལ་མི་དགོས་པར་བྱས་ཡོད། སྒོ་ཁྲལ་མི་དགོས་པའི་གཟའ་འཁོར་དང་པོ་སྟེ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ནས་ཚེས་ཉེར་བཞིའི་བར། ཧའེ་ནན་ཕྱི་ཚོང་ཐོ་འགོད་བྱེད་མཁན་ཉིས་སྟོང་ལ་ཉེ་བར་འཕར་ཡོད་པས། ན་ནིང་གི་དུས་མཉམ་དང་བསྡུར་ན་ལྡབ་གཉིས་ཚེག་གསུམ་འཕར་ཡོད། ཉིན་གཅིག་གི་ཆ་སྙོམས་ལས་གཉེར་ནི་ད་ལོའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་གསུམ་ཚེག་བརྒྱད་ཡིན། ཧའེ་ནན་གླིང་ཕྲན་དང་གྱེས་པའི་ཁྲལ་མེད་ཕྱིར་འཚོང་དངུལ་འབོར་སྒོར་དུང་ཕྱུར་བཅུ་གཅིག་ཡིན་ལ། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ང་བཞི་ཚེག་དགུ་འཕར་ཡོད། ཕྱི་ཕྱོགས་སྒོ་འབྱེད་འགག་སྒོ་བརྒྱད་དང་རིམ་པ་གཉིས་པའི་འགག་སྒོ་བཅུའི་འཁོར་རྒྱུག་བརྟན་འཇགས་ཡིན་ལ་འགག་སྒོ་ནས་ཤར་རྒྱུག་ཐུབ་པ་རེད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་འདོམས། དངོས་སུ་སྐུལ་སྤེལ་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་དངོས་སུ་སྒོ་ཁྲལ་མི་དགོས་པ་བྱེད་འགོ་བཙུགས་པ་དེའང་། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྤེལ་གང་ཐུབ་ཀྱི་མཚོན་དཔེ་མཚོན་བྱེད་བྱེད་ཐབས་ཡིན།
༢༠༢༥ལོར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དཀའ་རྙོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཐལ་དྲག་མདུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་ལ་གཟིགས་ཞིབ་ཟབ་མོ་གནང་ནས། ཆུ་ཚད་མཐོན་པོའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་གང་ཐུབ་བྱེད་དགོས་དགོངས་ནས། རྒྱལ་སྤྱིའི་གནས་སྟངས་ཇི་ལྟར་འགྱུར་ནའང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་གི་དཔལ་འབྱོར་སྤེལ་གང་ཐུབ་བྱས་ཏེ། སྒོ་འབྱེད་ཁྲོད་གོ་སྐབས་མཉམ་སྤྱོད་དང་གཉིས་ཁེ་མངོན་འགྱུར་བྱེད་དགོས་ཞེས་གསུངས། ས་གནས་སོ་སོར་རྟོག་དཔྱོད་ཞིབ་འཇུག་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རིམ་པ་སོ་སོའི་ལས་བྱེད་ཀྱིས་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་གནད་དོན་ལ་བསམ་གཞིགས་དང་ཐབས་ཇུས་འདོན་པ། ལས་ཀ་དམ་འཛིན་བྱས་པའི་འཇོན་ཐང་མཐོར་འདེགས་བྱེད་དགོས་ལ། ས་གནས་སོ་སོས་རང་གི་ས་བབ་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྱོང་བྱས་ནས། རིགས་མི་འདྲ་བའི་སྒོ་འབྱེད་སྟེགས་བུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གནས་སུ་འགྱུར་ཐུབ་དགོས་ཞེས་བླང་བྱ་བཏོན། ཉེ་སྔོན་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་ཅིང་། ཁྱབ་ཁོངས་མང་པོའི་ནང་གི་མཉམ་ལས་གཉིས་ཁེ་སྤེལ་གང་ཐུབ་དགོས་པ་དེ་སང་ལོའི་དཔལ་འབྱོར་ལས་ཀའི་ལས་འགན་གལ་ཆེན་ནང་བཞག་ཡོད་པས། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་གང་ཐུབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཀྱི་བརྡ་རྟགས་གསལ་བོ་བཏང་བ་རེད།
ཉིས་སྟོང་ཉེར་ལྔ་ལོའི་ཀྲུང་གོས་ཕྱི་ཕྱོགས་ཉོ་ཚོང་གི་དཀའ་ངལ་ལ་གདོང་གཏད་དེ་མདུན་དུ་སྐྱོད་བཞིན་ཡོད། ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་ཚོང་ཟོག་ཉོ་ཚོང་གི་ཕྱི་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་འབུམ་བཞི་ཁྲི་གཅིག་སྟོང་ཉིས་ཆིག་བརྒྱ་ལ་ཟིན་པས། ན་ནིང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གསུམ་ཚེག་དྲུག་གོང་འཕར་བྱུང་ཡོད། ཕྱི་གཏོང་སྤུས་ཚད་དང་གསར་གཏོད་ཚད་རྒྱུད་མཐུད་ངང་གོང་འཕར་བྱུང་ཡོད། གློག་འཕྲུལ་ཐོན་རྫས་ཕྱི་གཏོང་བསྡུར་ཚད་ཀྱིས་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན་ཡོད། ཐོན་རྫས་གསར་བ་གསུམ་དང་གྲུ་གཟིངས། འདུས་གྲུབ་གློག་ལམ་བཅས་ཕྱི་གཏོང་ཚད་བརྒྱ་ཆའི་ཉི་ཤུ་ཡན་གོང་འཕར་བྱུང་ཡོད། རང་རྒྱལ་གྱི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་རྒྱལ་ཁབ་ལ་ཕྱི་གཏོང་བྱེད་ཚད་ཀྱིས་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་ཟིན་ཡོད།དེ་དང་དུས་མཚུངས་སུ། འཛམ་གླིང་གི་འཛད་སྤྱོད་ཚོང་ར་དང་ནང་འདྲེན་ཚོང་ར་ཆེན་པོ་ཨང་གཉིས་པ་ཡིན་པའི་ཆ་ནས། རང་རྒྱལ་ནང་འདྲེན་གྱི་རྒྱལ་སྤྱིའི་ཚོང་ར་ནང་ཟིན་པའི་བསྡུར་ཚད་བརྒྱ་ཆའི་བཅུ་ཡན་ལ་བརྟན་འཇགས་བྱུང་ཡོད།
ཉིས་སྟོང་ཉེར་ལྔ་ལོའི་ཀྲུང་གོར་སྤུས་ཚད་མཐོ་བའི་ཕྱི་དངུལ་མགྱོགས་པོར་འཛོམས་བཞིན་ཡོད། ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་དྲུག་ཁྲི་ཆིག་སྟོང་ཉིས་བརྒྱ་བཅུ་མེད་བདུན་གསར་ཏུ་བཙུགས་ཡོད་པས། ན་ནིང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དྲུག་ཚེག་དགུ་འཕར་ཡོད། རིམ་མཐོའི་ལག་རྩལ་ཐོན་ལས་ཀྱིས་དངོས་སུ་བཀོལ་བའི་ཕྱི་དངུལ་གྱིས་བརྒྱ་ཆའི་སུམ་ཅུ་ཡན་ཟིན་ཡོད།
ཉིས་སྟོང་ཉེར་ལྔ་ལོར། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ཇུས་རབ་དང་རིམ་པ་བརྟན་པོས་བཏོན་ཡོད་དེ། ཕྱི་དངུལ་བརྟན་འཇགས་ཀྱི་དོན་ཚན་ཉི་ཤུ་འགྲེམ་སྤེལ་བྱས་ཏེ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཆོག་འཐུས་ཚད་འཛིན་དང་བླང་བྱ་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། ཕྱི་དངུལ་ཁེ་ལས་ཀྱིས་རྒྱལ་ནང་ནས་སླར་ཡང་མ་དངུལ་གཏོང་བར་རྒྱབ་སྐྱོར་ཇེ་ཆེར་བཏང་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལ་བཅོས་བསྒྱུར་རང་བདག་དབང་ཆ་སྔར་བས་ཇེ་ཆེར་བཏང་ཡོད། དངུལ་རྩ་དང་ཤེས་འཇོན་པ། ཟོག་འདྲེན་རྒྱལ་ཁོངས་བརྒལ་ནས་འཁོར་སྐྱོད་སོགས་ཀྱི་ཁྱབ་ཁོངས་ནས་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་བྱས་ཡོད། ཏྭ་ལེན་དང་ཉིང་པུའོ་སོགས་ཞབས་ཞུའི་ལས་རིགས་རྒྱ་བསྐྱེད་སྒོ་འབྱེད་ཕྱོགས་བསྡུས་ཚོད་ལྟའི་གྲོང་ཁྱེར་དགུ་གསར་དུ་བསྣན་པ་དང་། ཞབས་ཞུའི་ཁྱབ་ཁོངས་གལ་ཆེན་སྒོ་འབྱེད་དང་། ཐོན་ལས་གསར་གཏོད་འཕེལ་རྒྱས་སོགས་ལ་དམིགས་ཏེ། ཚོད་ལྟའི་ལས་འགན་བརྒྱ་དང་ང་ལྔ་གསལ་པོས་བསྟན་ཡོད།
༢༠༢༥ལོའི་ཀྲུང་གོས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ཟབ་མོ་བྱས་ཡོད་པ་རེད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཉེར་གཉིས་ནས་རང་རྟོགས་ཀྱིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་མཐུད་འབྲེལ་བྱས་ཤིང་། བསྡོམས་པས་སྐོར་གཉིས་ཀྱི་ཚོད་ལྟ་བྱེད་ཐབས་བརྒྱ་དང་བཅུ་ལྷག་བཏོན་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་སྟོང་ཆའི་བཞི་མི་ཐོན་པའི་རྒྱལ་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དང་ཕྱི་ཚོང་མ་གཏོང་གི་བྱས་རྗེས་བཞག་ཡོད།
༢༠༢༥ལོའི་ཀྲུང་གོས་རང་མོས་ཉོ་ཚོང་གི་གྲོགས་ཚོགས་རིམ་སྤར་མཐོར་འདེགས་སོང་ཡོད་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱིས་རང་མོས་ཉོ་ཚོང་ཁུལ་གྱི་གསུམ་ཚེག་ཐིག་པར་མའི་རིམ་སྤར་གྲོས་ཆིངས་ཡི་གེ་བཞག་པ་དང་། ཨང་ཀིའི་དཔལ་འབྱོར་དང་འབག་མེད་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ལྔ་གསར་དུ་བསྣན། ཕན་ཚུན་དཔྱ་ཁྲལ་ཆག་པ་ནས་སྒྲིག་སྲོལ་མཉམ་འཛུགས་པ་བཅས་ལ། སྒོ་འབྱེད་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་བཏང་ཡོད།
༢༠༢༥ལོར། སྔ་ལས་སྒོ་འབྱེད་བྱེད་པའི་ཀྲུང་གོ་ཞིག་འཛམ་གླིང་དང་མཉམ་འབྲེལ་སྔར་ལས་ཟབ་མོ་བྱེད་ཅིང་མཆིས། བསྟུན་མར་ལོ་བརྒྱད་ལ་ནང་འདྲེན་དངོས་མང་སྟོན་ཚོགས་སྤེལ་ནས། བསྡོམས་པས་འདོད་མོས་ཡོད་པའི་ཉོ་ཚོང་ཨར་སྒོར་དུང་ཕྱུར་ལྔ་སྟོང་བརྒྱད་བརྒྱ་ལ་ཟིན། འཛད་སྤྱོད་དངོས་མང་སྟོན་ཚོགས་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འདུ་ཚོགས། ཞབས་ཞུའི་ཉོ་ཚོང་འདུ་ཚོགས། ཀྲུང་གོའི་རྒྱལ་སྤྱི་མཁོ་འདོན་མ་ལག་སྐུལ་འདེད་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱི་མཉམ་ལས་སྟེགས་བུ་བཙུགས་ཏེ། སྔ་ལས་སྒོ་རབ་འབྱེད་པས་རྒྱལ་ཁབ་ཁག་གི་ཁེ་ལས་འཕེལ་རྒྱས་ལ་ཁྱབ་ཁོངས་དང་འཕེལ་རྒྱས་གོ་སྐབས་གང་མང་སྤྲད་ཡོད།
ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་གྲོས་འགོའི་ནང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དང་། མཉམ་ལས་གཉིས་རྒྱལ་གྱི་གནས་བབ་གསར་པ་བསྐྲུན་དགོས་པར་བཏོན་ཡོད། རྒྱང་སྐྱོད་གསར་པའི་ཐོག རང་རྒྱལ་གྱིས་ཆུ་ཚད་སྔ་ལས་མཐོན་པོས་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་བཅོས་བསྒྱུར་ཟབ་མོ་དང་སྤུས་མཐོའི་འཕེལ་རྒྱས་བཏང་ནས། འཛམ་གླིང་དཔལ་འབྱོར་ལ་སྔར་བས་བརྟན་བརླིང་རང་བཞིན་དང་གཏན་འཁེལ་ནུས་པ་འདོན་ཐུབ་ངེས་རེད།




