རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུས་ཉོས་ཏུན་དུང་ཕྱུར་གཉིས་ལས་བརྒལ་ཏེ་ཚོང་རའི་ཉོ་ཚོང་བྲིན།
| 2025-12-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབ་གསོག་ཅུས་ཀྱིས། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུས་ཉོས་ཏུན་དུང་ཕྱུར་གཉིས་ལས་བརྒལ་ཡོད་ལ། ན་ནིང་དུས་མཉམ་དང་བསྡུར་ན་ཏུན་བྱེ་བ་གསུམ་ས་ཡ་གཉིས་འཕར་ནས། ཉེ་བའི་ལོ་ཤས་རིང་གི་དུས་མཉམ་བསྡུ་ཉོའི་གཞི་ཁྱོན་གྱི་མཐོ་ཚད་གསར་པ་གཏོད་ཡོད།
སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་སླེབས་ལ་ཉེ་བ་དང་བསྟུན་ནས། མིག་སྔར་ས་གནས་ཁག་གི་སྟོན་འབྲུ་བསྡུ་ཉོ་དང་། གྲབ་གསོག ལས་སྣོན་བཅས་བྲེལ་བ་ཆེ་བའི་དུས་སུ་སླེབས་ཡོད།
ཧེ་ལུང་ཅང་སུའེ་ཧྭ་ནས། བསྡུ་ཉོའི་ཞབས་ཞུ་རུ་ཁག་གིས་ཁ་བ་ཆེན་པོ་ལ་མ་འཛེམ་པར། བརྒྱུད་རིམ་ཧྲིལ་བོར་རོགས་བྱས་ཏེ། ཞིང་པ་ཚོར་ཞབས་ཞུ་ཡག་པོ་བྱས་ཡོད།
ཞིང་པའི་ཁེ་ཕན་འགན་སྲུང་བྱ་ཆེད། རྒྱལ་ཁབ་ཀྱིས་ཚོང་ར་ཅན་གྱི་བསྡུ་ཉོ་དང་སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་གཉིས་མཐུན་སྦྱོར་སྒོས་ཤུགས་འདོན་རྒྱུ་མཐའ་འཁྱོངས་ཡོད། རིགས་སོ་སོར་བལྟས་ན། བར་སྨིན་དང་ཕྱི་སྨིན་ཆུ་འབྲས་ཏུན་བྱེ་བ་བཞི་ས་ཡ་བརྒྱད་དང་། ཆུ་འབྲས་ཅིང་ཏའོ་ཏུན་བྱེ་བ་གསུམ་ས་ཡ་ལྔ། མ་རྨོས་ལོ་ཏོག་ཏུན་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བདུན། སྲན་ཆེན་ཏུན་ས་ཡ་བརྒྱད་བཅས་བསྡུས་ཉོས་བྱས་ཡོད་པས། ཚོང་ར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་རེད།
རྗེས་སུ་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབ་གསོག་ཅུས་ཀྱིས་མུ་མཐུད་དུ་སྟོན་འབྲུ་བསྡུ་ཉོ་དམ་འཛིན་ཡག་པོ་བྱས་ཏེ། ཞིང་པ་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་བཙོང་བར་མཛུབ་སྟོན་དང་། ལོ་ལེགས་དེ་ཡོང་འབབ་ཡག་པོ་ལ་བསྒྱུར་རྒྱུ་དང་དུས་མཚུངས་སུ་འབྲུ་རིགས་ཀྱི་འབྱུང་ཁུངས་རྩ་འཛུགས་བཀོད་གཏོང་ལ་ཤུགས་བཏོན་ནས། དུས་ཆེན་སྐབས་ཀྱི་འབྲུ་སྣུམ་འདང་ངེས་དང་རིན་གོང་བརྟན་པོར་བྱ་རྒྱུ་རེད།




