ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ནས་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཀྲུང་གོར་འཚམ་འདྲིར་ཕེབས་པར་དགའ་བསུ་གནང་།
| 2026-01-06 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་གི་ཚོམས་ཆེན་ནས་མཛད་སྒོ་སྤེལ་ཏེ། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ལི་ཙའེ་མེན་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་གནང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གུས་སྒྱོགས་ཐེངས་ཉེར་གཅིག་འཕངས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེན་ལེ་ཡོན་གཉིས་དགའ་བསུའི་མཛད་སྒོའི་ནང་ཞུགས། ལི་ཙའེ་མེན་གྱིས་ཀྲུང་གོ་ལ་འཚམས་འདྲི་གནང་བར་ཕེབས་རོགས་ལ་ཙུང་ཐུང་གི་ལྕམ་མོ་དང་ཙུང་ལི་གཞོན་པ། ནོར་སྲིད་དཔལ་འབྱོར་པུའུ་ཡི་དཔོན་པོ། ཕྱི་འབྲེལ་པུའུ་ཡི་དཔོན་པོ་སོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་ཀའི་ཨུ་ལྷན་གཞུང་སྒྲུབ་ཁང་གི་འགོ་འཛིན་ཝང་དབྱི་སོགས་གྲོས་ཚོགས་ནང་ཕེབས་པ་རེད། དམག་དཔུང་རོལ་ཚོགས་ཀྱིས་ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ལི་ཙའེ་མེན་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་གྲོལ་དམག་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་སླར་ཡང་དམག་གཟིགས་སྟེགས་བུ་རུ་ལོག་ནས་གཟབ་སྦྲེང་རུ་ཁག་གི་དབྱེ་འབྱེད་རུ་བསྟར་ལ་གཟིགས་པ་རེད། ལི་ཙའེ་མེན་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།




