ཧོ་ལི་ཧྥེང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་ངམ་ཧྭ་ཕིང་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཀའེ་ཐེ་ན་ལ་ཐུག་འཕྲད་གནང་།
| 2026-01-14 来源:ཞིན་ཧྭ་དྲ་བ། | 分享: |
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཚེས12ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་ངམ་ཧྭ་ཕིང་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཀའེ་ཐེ་ན་ཡིས་བསྟན་དོན། ཀྲུང་གོས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་གཞིའི་བཀོད་སྒྲིག་ལྟར་ན། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ཧྭ་ཕིང་སྡེ་ཚོགས་ཚུད་པའི་ཕྱི་དངུལ་ཁེ་ལས་དང་ཡུན་རིང་གི་མ་རྩས་ཀྲུང་གོར་དངུལ་གཏོང་མུ་མཐུད་རྒྱ་ཆེར་བཏང་ནས། ཀྲུང་གོར་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན།
ཀའེ་ཐེ་ན་ཡིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡིན་པས། ཧྭ་ཕིང་སྡེ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁྲོམ་ར་གཏིང་ཟབ་ཏུ་བཏང་ནས། ཨ་ཀྲུང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། །




