英文藏文APP W020161009565839193236.jpg | 微信 111111111.jpg

བོད་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུས།

2026-01-14 来源:ཀྲུང་གོ་བོད་ཀྱི་དྲ་བ། 作者:ཀླུ་མོ་མཚོ་ཡིས་བསྒྱུར། 分享:

  འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་སྐབས་མི་དམངས་ཉེན་རྟོག་པས་བྱིས་པ་ཞིག་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་སླེབས་ལ་ཉེ་བའི་མཚམས་སུ་ལྗོངས་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཤིང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་མངོན་པ་དང་། བརྩེ་བ་ཟབ་མོར་བརྟེན་ནས་དམངས་དང་ཉེ་བཅར་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ལྷག་བསམ་རྣམ་དག་གི་རང་མདངས་དང་འབད་འབུངས་ཡར་བརྩོན་གྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། མི་དམངས་ཉེན་རྟོག་པ་ཡོངས་ལ་འགན་འཁྲི་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་མངོན་པ་བཅས་བྱ་རྒྱུའི་སྐུལ་ལྕག་བྱས་ཏེ། ཉེན་རྟོག་པ་དང་མི་དམངས་ཀྱི་སེམས་པ་གཅིག་མཐུན་གྱི་སེམས་སྦྲེལ་ཟམ་པ་བསྐྲུན་ཡོད།

  ཉེན་རྟོག་པའི་དུས་ཆེན་གྱི་སྔ་ནུབ་ཏུ་ཀརྨ་དགོན་གསར་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡི་ལས་དོན་པ་ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་ཁང་དང་། ཉེན་རྟོག་ལས་སྒྲུབ་ས་ཚིགས། མཁར་ཤར་དང་མཁར་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་སུ་བསྐྱོད་ནས་འཐབ་ས་དང་པོའི་ཉེན་རྟོག་པར་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། ཁྱོད་ཚོས་སྔ་ཕྱི་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་སྒྲུབ་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་པོར་སྲུང་ཡོད་ཅེས་ཀརྨ་དགོན་གསར་སྲང་ལམ་དོན་གཅོད་ཁྲུའུ་ཡི་འགན་འཁུར་བས་ཉེན་རྟོག་པ་ཚོར་ཁ་བཏགས་འབུལ་ཞོར་དུ་དེ་ལྟར་བཤད། མི་དམངས་ཉེན་རྟོག་པ་ཚོས་སླད་ཕྱིན་སྤྲོ་སེམས་ཆེན་པོས་འདི་གའི་ཞི་བདེ་སྲུང་སྐྱོང་གང་ལེགས་བྱས་ཏེ་ཉེན་རྟོག་པ་དང་ས་གནས་མཉམ་སྐྲུན་ལས་དོན་གཏིང་ཟབ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དེ་གནའ་གྲོང་གི་གང་སར་མཐོང་ཐུབ་པར་བྱེད་བསམ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

  ཚེས10ཉིན། ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཉེན་རྟོག་པའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་ཆེད། ས་གནས་མི་དམངས་ཉེན་རྟོག་པ་སྔོན་ལ་འབྲོང་པ་རྫོང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སྟེ། སྐྲ་བདུན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དུ་བསྐྱོད་ནས་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། དེ་རྗེས་སྔོན་གཤེགས་དཔའ་བོའི་བང་སོར་བསྐྱོད་ནས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་པ་རེད། གསར་དུ་ལས་ཀར་ཞུགས་པའི་མི་དམངས་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེན་རྟོག་པ་རྒན་གྲས་ཀྱིས་ཁོང་ཚོའི་སྣེ་ཁྲིད་དེ་ཁ་བའི་ཁྲོད་དུ་མཐའ་མཚམས་སྐོར་གཡེང་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་སྐོར་གཡེང་གི་བརྒྱུད་རིམ་དང་། དོ་དམ་ཚོད་འཛིན་ཚད་དང་མཐུན་པ། ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་སྟངས་བཅས་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་ས་མཚམས་འབྱེད་རྟགས་དང་ཉེན་རྟོག་པའི་དར་ཆའི་མདུན་དུ་ཉེན་རྟོག་པར་ཞུགས་པའི་དམ་བཅའ་ཡང་བསྐྱར་དུ་བཞག་པ་རེད། གསར་བརྗེའི་བླ་སྲོག་གཏོད་པ་དང་དངོས་འཐབ་དམག་སྦྱོང་ཟུང་དུ་འབྲེལ་བའི་རྟེན་འབྲེལ་བྱ་འགུལ་འདིས་མཐའ་མཚམས་སུ་སྔར་བས་ལྷག་བསམ་རྣམ་དག་གི་རང་མདངས་མངོན་པར་བྱས་ཡོད།

  དུས་ཡུན་རིང་བོར་སྤྱི་བདེའི་མི་དམངས་ཉེན་རྟོག་པ་བགྲང་མེད་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ནང་བཞིན་ལས་གནས་བརྟན་སྲུང་དང་ལྷག་བསམ་ཟོལ་མེད་ཀྱིས་འགན་སྒྲུབ། ཚེ་སྲོག་བློས་གཏོང་ཕོད་པ་སོགས་ཡོད་ཚད་མི་དམངས་ལ་ཞབས་འདེགས་སྒྲུབ་པ་ཞེས་པའི་དམ་ཚིག་ཁོ་ནའི་ཆེད་ཡིན།  དེ་རིང་། ང་ཚོས་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་དམིགས་བསལ་ཉིན་མོ་འདིར་བརྒྱུད་ནས་ཉེན་རྟོག་པ་རྒན་གྲས་ལ་མི་དམངས་ཉེན་རྟོག་པར་ཞུགས་ནས་ལོ་འཁོར་ངེས་ཅན་འགོར་བའི་གཟི་བརྗིད་དྲན་གསོའི་རྟགས་མ་སྤྲད་ཡོད། དེ་ཁོང་ཚོར་མཚོན་ན་ཁས་ལེན་དང་གཟེངས་བསྟོད་ཅིག་ཡིན་པ་མ་ཟད། ན་གཞོན་ཉེན་རྟོག་པ་ཚོས་ཉེན་རྟོག་པ་རྒན་གྲས་ལ་སློབ་སྦྱོང་བྱས་ནས་ཁོང་ཚོའི་ཡོད་ཚད་འབུལ་ཕོད་པའི་སྙིང་སྟོབས་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཁག་ལག་ལེན་ཡག་པོ་བསྟར་ཞིང་། འགན་སྲུང་རྣམ་པ་ནས་སེམས་དྲོན་པོ་རྣམ་པའི་སྲིད་ཇུས་ལག་ལེན་བསྟར་བས། མཐོ་སྒང་གི་ལས་འགན་སྒྲུབ་པའི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་མ་ཟད། མི་དམངས་ཉེན་རྟོག་པ་ཚོས་རྩ་འཛུགས་ཀྱི་ཐུགས་ཁུར་སྔར་བས་ཚོར་ནས་ཉེན་རྟོག་པའི་སེམས་སུ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་དེ་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད།

  ཟླ་དང་པོའི་ཚེས10ཉིན། ཉིང་ཁྲིར་མི་དམངས་ཉེན་རྟོག་པ་ཚོས་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ལས་སྟེགས་བཙུགས་ཏེ་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཇི་ལྟར་ཐག་གཅོད་བྱེད་པ་ནས་དྲ་རྒྱའི་ཁེ་དབང་སྲུང་སྐྱོང་བྱེད་པར་ཐབས་ལམ་གང་དག་ཡོད་པའི་བར་དང་། དེ་ནས་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་ཡང་དག་ཇི་ལྟར་བྱེད་པ་ནས་དྲ་རྒྱའི་ཁ་བསླུས་འགོག་ཟོན་ཇི་ལྟར་བྱེད་པའི་བར་མང་ཚོགས་ཀྱིས་བཏོན་པའི་བཅའ་ཁྲིམས་ཀྱི་གནད་དོན་མང་པོར་ཉེན་རྟོག་པས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལན་བཏབ།

  དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་མཐོ་སྒང་གི་གང་སར་ཁྱབ་པ་དང་གུས་བཀུར་མཚོན་པའི་སྙིང་གཏམ་གྱིས་མི་སེམས་དྲོ་བར་བྱས་ཡོད། འོན་ཀྱང་བོད་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོའི་ངོས་ནས་བརྗོད་ན། ཟླ་དང་པོའི་ཚེས10ཉིན་ནི་ཁོང་ཚོའི་ནམ་རྒྱུན་ལས་ཀའི་ཁྲོད་ཀྱི་སྤྱིར་བཏང་གི་ཉིན་མོ་ཞིག་རེད།

  སྲང་འགྲམ་གྱི་ལྟ་སྲུང་དང་མཚན་མོའི་སྐོར་གཡེང་། སྟེགས་ཐོག་གི་བརྟན་སྲུང་བཅས་ན་ཁོ་ཚོའི་འགྱུར་མེད་ཀྱི་ནམ་རྒྱུན་རེད། མང་ཚོགས་ཀྱི་སྨོན་འདུན་དང་རེ་སྒུག་གི་མདུན་དུ་ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པས་དུས་ཆེན་གྱི་གཟི་བརྗིད་དང་ཐུགས་ཁུར་དེ་རང་འགན་གཙང་སྒྲུབ་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་བར་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་སྒྲུབ་པ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་དམ་པོ་བཅས་ཀྱི་དམ་བཅའ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་བྱས་ནས། དད་སེམས་བརྟན་པོ་དང་སྤྲོ་སེམས་ཆེན་པོས་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་པ་དང་། བརྟན་སྲུང་ལ་བརྟེན་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་སྒྲུབ་པའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གསལ་འགྲེལ་བཅས་བྱས་ཏེ། མཐོ་སྒང་གི་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་འཇགས་ཡོང་བར་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།  ། 


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942