སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་ཐོབ།
| 2026-01-14 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་ཞིང་། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ནུས་ལྡན་གྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནུས་ལྡན་བྱེད་པ། སྔར་ལས་ཚན་རིག་དང་མཐུན་པའི་སྒོས་དབང་ཆ་དེ་ལམ་ལུགས་ཀྱི་རྙི་རུ་བཙུད་པ། གོ་རྟོགས་སྔ་ལས་གསལ་མོའི་ཐོག་ནས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཟབ་སྤེལ་རྒྱུན་འཁྱོངས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་རིང་གི་དམིགས་འབེན་ལས་འགན་འགྲུབ་པར་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཚོགས་ཞུགས་བློ་མཐུན་ཚོས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་འགྱུར་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཡང་ཡིན་ཞེས་ནན་གསུང་གནང་། ཚོགས་ཞུགས་བློ་མཐུན་ཚོས། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་ལ་ཕོག་ཅིང་རྒྱུན་རྣམ་ཅན་དུ་རྒྱུན་སྤེལ་བྱས་ནས། དམིགས་འབེན་ལས་འགན་ཁག་ལག་ལེན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བཤད།
ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་མའེ་ཕིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཆུ་ཚད་སྔ་ལས་མཐོན་ཞིང་བྱེད་ཐབས་སྔ་ལས་ནན་མོས་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བ་དང་། ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་འགྲུབ་པར་འགན་སྲུང་བརྟན་པོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱས་པས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཆབ་སྲིད་ལྟ་སྐུལ་ཇེ་དྲག་གཏོང་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་འགན་སེམས་དང་ལོ་རྒྱུས་འགན་སེམས་ཇེ་དྲག་གཏོང་བ། གཏན་ཁེལ་གཉིས་སྲུང་སྐྱོང་བརྟན་པོ་དང་། སྲུང་སྐྱོང་གཉིས་ནན་གྱིས་སྒྲུབ་པ། སྲིད་འགན་ལག་རྗེས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དེ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ཉིད་གསར་བརྗེ་ལ་གཙོ་བོར་དབང་ཆ་བཅོས་སྐྱོང་ལ་ཐུག་ཡོད་པས། དབང་ཆ་དེ་ལམ་ལུགས་ཀྱི་རྙི་སྡོམ་ནང་བཙུད་པ་ནི་དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་གསུངས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་དབང་ཆ་དེ་ལམ་ལུགས་ཀྱི་རྙི་སྡོམ་ནང་ཚུད་པར་ལམ་ལུགས་གཏན་འབེབས་རྒྱུན་མི་ཆད་པར་འཐུས་ཚང་གཏོང་ཞིང་། ལམ་ལུགས་ཚགས་དམ་ལ་རྙོག་པོ་མེད་པ། ཕན་འབྲས་ཆེ་ཞིང་གོ་ཆོད་དགོས་པར་མ་ཟད།ལམ་ལུགས་ལག་བསྟར་ནུས་པ་ཇེ་དྲག་གཏོང་བ་དང་ཚོད་འཛིན་ཇེ་དྲག་གཏང་དགོས་ཞེས་བཤད། ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སློབ་གསོ་པུའུ་ལ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་འགོ་འཛིན་ཝང་ཁྲེན་ཝུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལ་དགོངས་འཆར་གཏིང་ཟབ་ལ་མཐོང་རྒྱ་ཆེ་བས། ང་ཚོས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་བསྟན་ཡོད། ཕྱི་མངགས་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་ཁོངས་མི་ཡིན་པའི་ཆ་ནས། ལྟ་ཞིབ་ནུས་པ་ཡག་མོ་འདོན་པ་དང་། ལས་རིགས་ནང་གི་སྒྲིག་སྲོལ་ལམ་ལུགས་དེ་དག་རྩ་དོན་མི་གསལ་བ། ཁ་གཏད་དང་ལག་ལེན་ནུས་པ་མི་ཆེ་བ། སྒྲིག་སྲོལ་ལམ་ལུགས་བར་འབྲེལ་མཐུད་དམ་པོ་མེད་པ། བར་ལྷག་ཡོད་པ་སོགས་མགྱོགས་པར་དག་བཅོས་དང་ཁ་གསབ་བཟོ་པ་དང་། ལམ་ལུགས་ལག་བསྟར་ཇེ་དྲག་བཏང་ནས་ལམ་ལུགས་ཚགས་དམ་ལ་རྙོག་པོ་མེད་པ། ཕན་འབྲས་ཆེ་ཞིང་གོ་ཆོད་བྱེད་དེ།རྟ་མགོ་ལུག་སྦྱར་དང་སླེ་བོར་ཆུ་བླུད་བྱེད་མི་རུང་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རུལ་སུངས་ནི་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་བཀག་རྒྱ་རྡོག་ཐོགས་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་དེ་ཕམ་ཁ་ཁུར་མི་ཕོད་ལ་ཕམ་ཁ་གཏན་ནས་ཁུར་མི་རུང་བའི་འཐབ་འཛིང་གལ་ཆེན་ཞིག་ཡིན་ཞེས་གསུངས། ཚོགས་ཞུགས་བློ་མཐུན་ཚོས།དེ་འདྲ་བའི་མཐོ་གནོན་རྣམ་པ་འགྱུར་དུ་མེད་པར་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ཡོད་ན་དེ་ལ་ངོ་རྒོལ་དང་། ལྐོག་རྔན་ལེན་ན་ཆད་གཅོད་ནན་མོ།སྤྱོད་ངན་རྩ་འབྱིན་བྱས་ཏེ། རུལ་སུངས་མཁན་ལ་གབ་ས་བསྐོང་ས་མེད་པར་བྱེད་དགོས་ཞེས་བཤད། ཅང་ཞི་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ཧྲི་ཡུས་པའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ངོ་རྒོལ་བྱེད་པའི་ལམ་བུའི་ནང་སྙིང་ཟབ་ཅིང་གསལ་པོས་གསུངས་པས། རུལ་སུངས་མི་བྱེད་པ་གསུམ་གྱི་ཐད་ལ་བཀོད་སྒྲིག་ཞིབ་ཚགས་གནང་ཡོད་སྟབས། ང་ཚོས་གཞི་གཅིག་ཏུ་སྦྲེལ་ནས་རུལ་སུངས་མི་རུང་གསུམ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དེ། ཁྱབ་ཁོངས་གལ་ཆེན་དང་དམིགས་ཡུལ་གལ་ཆེན། གནད་དོན་གལ་ཆེན་ལ་དམིགས་སུ་བཀར་ནས། ཆད་གཅོད་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་། ལམ་ལུགས་ཀྱི་དོ་དམ་དམ་དུ་བཏང་ནས། ཚན་རྩལ་ལ་བརྟེན་ནས་རུལ་སུངས་རྒོལ་བའི་ནུས་པ་གོང་མཐོར་གཏོང་ཞིང་། གྱོད་དཔེ་ལ་བརྟེན་ནས་བཅོས་སྐྱོང་སྐུལ་འདེད་དང་། རྒྱུན་ཆད་མེད་པར་རུལ་སུངས་བཅོས་སྐྱོང་གི་ཕྱོགས་བསྡུས་ནུས་ཕྱོད་གོང་མཐོར་གཏོང་དགོས་ཞེས་བཤད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན། ཧེ་ལུང་ཅང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་པེན་ཞའེ་ཝུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྔར་བས་རིག་པ་གསལ་ཞིང་ཐུགས་དགོངས་བརྟན་པོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་བྱེད་དགོས་ཞེས་གསུངས་ཡོད་པས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནམ་ཡང་ལམ་ན་ཡོད་པ་དང་། ནམ་ཡང་རུལ་རྒོལ་རྣམ་པ་རྒྱུན་འཁྱོངས་ཤིང་། མ་ལག་འདུ་ཤེས་ཇེ་དྲག་དང་། སྤྱི་ཁྱབ་བསམ་བློ་བསྐྱེད་དེ། ཆད་གཅོད་ནན་མོ་དང་། བཅོས་སྐྱོང་གནད་ལ་ཕོག་ཅིང་འགོག་སྲུང་ནུས་ལྡན་པ། གཞི་གཅིག་དམ་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་མཐར་གཏུགས་དགོས་ལ། ང་ཚོས་ཏང་གཤིས་དང་ཏང་སྤྱོད་དེ་ཏང་གི་སྒྲིག་ལམ་དང་མཉམ་དུ་དམ་འཛིན་བྱེད་ཅིང་། སྤྱོད་གཙང་སྒྲིག་བཅོས་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཕན་ཚུན་སྦྲེལ་མཐུད་བྱས་ཏེ།གཟབ་ནན་གྱི་ཁོར་ཡུག་སྐྲུན་ཞིང་།བསམ་སྤྱོད་བཟང་པོ་མངོན་པར་བསྐྱེད་དེ། ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་འཛུགས་པར་འགན་སྲུང་ཆེན་པོ་བྱེད་དགོས་ཞེས་བཤད།




