རླངས་འཁོར་སྐོར་གྱི་གཏམ་བཟང་།
| 2026-01-17 来源:མི་དམངས་དྲ་བ། | 分享: |
2025ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ཁྲི་1600ལས་བརྒལ་བ།
ཚེས་14ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། 2025ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ཚང་མ་ཁྲི་3400ལས་བརྒལ་ནས་ལོ་རྒྱུས་ཐོག་སླར་ཡང་མཐོ་ཤོས་བཏོད་ཡོད་པ་རེད། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1600ལས་བརྒལ་བ་དང་། རྒྱལ་ནང་གི་ནུས་ཁུངས་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་50%ལས་བརྒལ་ཡོད།
ཞིབ་ཕྲའི་ཐོག་ནས་བལྟས་ན། 2025ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་གྲངས་སོ་སོར་ཁྲི་3453.1དང་ཁྲི་3440ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་སོ་སོར་10.4%དང་9.4%འཕར་ནས་བསྟུད་མར་ལོ་17རིང་གོ་ལ་ཧྲིལ་པོར་ཨང་དང་པོ་བརྟན་པོར་གནས་ཡོད། རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་གྲངས་བསྟུད་མར་ལོ་གསུམ་རིང་རླངས་འཁོར་ཁྲི་3000ཡན་གྱི་གྲངས་འབོར་རྒྱུན་འཁྱོངས་ཐུབ་ཡོད། སྒུལ་ནུས་གསར་པ་མགྱོགས་མྱུར་ངང་ཕྱིར་གཏོང་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་སོ་སོར་ཁྲི་1662.6དང་ཁྲི་1649ཐོན་པ་དེ་དུས་མཚུངས་ལས་སོ་སོར་29%དང་28.2%འཕར་བ་དང་བསྟུད་མར་ལོ་11རིང་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།




