གྲང་ངར་ཆེ་བའི་གནམ་གཤིས་སྔོན་བརྡ་བཏང་འདུག
| 2026-01-19 来源:མི་དམངས་དྲ་བ། | 分享: |
གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་པས། ཟླ་1ཚེས་18ཉིན་ནས་ཚེས་21ཉིན་བར། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་བྱང་ནས་ལྷོ་ཕྱོགས་སུ་དྲོད་ཚད་ཇེ་དམའ་རུ་འགྲོ་སྟེ། ཉིན་རེའི་ཆ་སྙོམས་སམ་དམའ་ཤོས་ཀྱི་དྲོད་ཚད་ཡོངས་ཁྱབ་ཏུ་མར་ཆག་ཚད་6℃~12℃དང་། ཧོང་ཧོའེ་ལྷོ་རྒྱུད་དང་། ཅང་ཧོའེ་ནུབ་རྒྱུད། ཅང་ཧན་ཤར་རྒྱུད། འབྲུུ་ཆུའི་དབུས་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་མར་ཆག་ཚད་12℃~14℃དང་། ས་གནས་ཁག་ཅིག་ཏུ་དྲོད་ཚད་ཆག་ཚད་16℃ཡན་ལ་སླེབས་ཐུབ། ཟླ་1ཚེས་21ཉིན་གྱི་ཞོགས་པ་དྲོད་ཚད་དམའ་ཤོས་0℃དེ་ལྷོ་ཕྱོགས་ནས་ཀུའེ་ཀྲོའུ་ལྷོ་རྒྱུད་དང་ཧུའུ་ནན་ལྷོ་རྒྱུད། ཅང་ཞིའི་དབུས་རྒྱུད་དང་ཀྲེ་ཅང་ལྷོ་རྒྱུད་དུ་སྤོ་རྒྱུ་རེད།
སྔོན་དཔག་བྱས་པ་ལྟར་ན། ཟླ་1ཚེས་18ཉིན་གྱི་ཆུ་ཚོད་8ནས་ཚེས་20ཉིན་གྱི་ཆུ་ཚོད་8བར། ཀན་སུའུ་དང་། ནང་སོག་དབུས་རྒྱུད་དང་ནུབ་རྒྱུད། ཉིང་ཞ། ཧྲའན་ཞི། ཧྭ་བྱང་། ཧོང་ཧའེ། ཅང་ཧན། ཅང་ཧའེ། ཅང་ཧོའེ། འབྲུ་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་ཆག་ཚད་6°C~10°Cབར་ཡིན་པ་དང་། དེའི་ནང་ནང་སོག་དབུས་རྒྱུད་དང་། ཧྲན་ཞི་ནུབ་རྒྱུད། ཨན་ཧུའེ། ཧུའུ་པེ་ཤར་ཤུལ། ཧུའུ་ནན། ཀུའེ་ཀྲོའུ་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་ཆག་ཚད་10°Cནས་14°Cབར་རེད།







