དགུན་དུས་ལྷ་སའི་ལྷ་ཀླུ་འདམ་རར་དུས་བྱ་མང་པོ་མགྲོན་དུ་བསླེབས་པ།
| 2026-01-20 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
པར་འདི་ནི་ཟླ་དང་པོའི་ཚེས18ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་རྒྱབ་ཁབ་རིམ་པའི་རང་བྱུང་སྲོང་སྐྱོབ་ཁུལ་དུ་གནས་མལ་བཅས་པའི་དུས་བྱ་ཡིན།
འཛམ་གླིང་གི་ས་བབ་ཆེས་མཐོ་ཤོས་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཡིན་པའི་ཆ་ནས། ལྷ་ཀླུ་འདམ་ར་ལ་ལྷ་སའི་གློ་བ་ཞེས་པའི་མཚན་སྙན་ཡོད། དགུན་དུས་སུ། བྱ་ལོང་ལྟག་ཁྲ་དང་ངུར་བ་སོགས་ཀྱི་དུས་བྱ་མང་པོ་གནས་འདིར་བསླེབས་ནས་ཟས་འཚོལ་བ་དང་རྩེད་མོ་རྩེ་བཞིན་ཡོད་ལ། དེ་དག་གིས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འཆམ་མཐུན་གྱི་པར་རིས་ཤིག་གྲུབ་ཡོད། །




པར་འདི་དག་ནི་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་རྒྱབ་ཁབ་རིམ་པའི་རང་བྱུང་སྲོང་སྐྱོབ་ཁུལ་དུ་གནས་མལ་བཅས་པའི་དུས་བྱ་ཡིན།




