英文藏文APP W020161009565839193236.jpg | 微信 111111111.jpg

ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་མོ་རྩོམ།

2026-01-20 来源:ཤམ་བྷ་ལ་ཆ་འཕྲིན། 作者:措拉 分享:

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་སུ། ངེས་པར་དུ་ས་གནས་ཁྱད་ཆོས་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དེ་སྔ་ལས་འབུར་ཐོན་གྱི་འཐབ་ཇུས་གོ་གནས་ཐོག་འཇོག་དགོས་ཞེས་གསུངས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ལ། ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྔ་ལས་ལག་བསྟར་དོན་འཁྱོལ་ནན་མོ་དང་། རང་ཉིད་ཀྱི་ཐོན་ཁུངས་ལེགས་ཆ་ལ་བསྟུན་པ། ཁྱད་ལྡན་ལེགས་ཆ་འདོན་པ། སྒུལ་ནུས་གསར་པ་གཅིག་བསྡུས་དང་། ཐོན་ལས་གསར་པ་དར་རྒྱས་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པོར་བཏང་ནས། དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་གཏོང་བར་སྒུལ་ནུས་གསར་པ་འདོན་བཞིན་ཡོད།

  མིས་བཟོས་རིག་ནུས་རབས་གསར་པ་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གལ་ཆེན་ཡིན། ལོ་གསར་པ་ཚེས་པ་དང་བསྟུན་ནས། ཧྲང་ཧའེ་ཡིས་མིས་བཟོས་རིག་ནུས་བེད་སྤྱོད་ལྗོངས་རྣམས་ལྔ་བཅུ་སྔོན་ནས་ཁྱབ་བསྒྲགས་བྱས་ཤིང་། ལག་རྩལ་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་མགྱོགས་པོར་བསྒྱུར། ན་ནིང་གི་ཟླ་བ་བཞི་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་ཡི་ལད་བཟོ་བར་སྟོང་མ་དཔེ་ཆེན་པོའི་གསར་གཏོད་སྐྱེ་ཁམས་འདུས་ཁུལ་དུ་རྟོག་ཞིབ་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མིས་བཟོས་རིག་ནུས་ལག་རྩལ་རིམ་སྤར་རབས་བརྗེ་མགྱོགས་པོར་བྱས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་གསུངས། ཁོང་གིས་ཧྲང་ཧའེ་ཡིས་འཚོལ་ཞིབ་ཇེ་དྲག་བཏང་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་སོགས་ཕྱོགས་སོ་སོ་མདུན་གྲལ་དུ་སླེབས་པར་བརྩོན་ལེན་བྱ་དགོས་པའི་བླངས་བྱ་བཏོན་པ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཡི་བླང་བྱ་ལག་བསྟར་བྱེད་པར། ལོ་གསར་པའི་ནང་ཧྲང་ཧའེ་ཡིས་རང་ཉིད་མ་དཔེ་ཆེན་པོའི་ཞིབ་འཇུག་གསར་གཏོད་གཅིག་བསྡུས་དང་། རྩིས་ཤུགས་རྨང་གཞི་སྒྲིག་ཆས་སྔོན་ཐོན། འཇོན་མི་རྩེ་གྲས་གཅིག་བསྡུས། གྲོང་ཁྱེར་ཆེན་པོའི་བེད་སྤྱོད་ལྗོངས་རྣམ་ཕུམ་སུམ་ཚོགས་པོ་སོགས་ཀྱི་ཁྱད་ལྡན་ལེགས་ཆ་ལ་དམིགས་ནས། མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་པོར་གཏོང་བ་དང་། མིས་བཟོས་རིག་ནུས་དང་བཟོ་སྐྲུན་ཆེད་དོན་བྱ་སྤྱོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དེ། ༢༠༢༨ལོ་ཤར་དུས་ཁེ་ལས་ཀྱི་རིག་ནུས་བཟོ་གྲྭ་ཆེན་པོར་ཁྱོན་ཡོངས་ནས་ཁེབས་ཐུབ་པར་བྱེད་བཞིན་ཡོད།

  ༢༠༢༣ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་མང་པོར་རྟོག་ཞིབ་གནང་དུས་དང་། བྱེད་སྒོ་གལ་ཆེན་མང་པོའི་ཐོག སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ས་གནས་ཁྱད་ཆོས་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་གསལ་པོ་བཏོན་པར་མ་ཟད་འགྲེལ་བཤད་ཐེངས་མང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ནི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་བའི་ནང་མཁོའི་བླང་བྱ་དང་ཤུགས་ཕུད་ས་གཙོ་བོ་རེད་ཅེས་གསུངས། ཁོང་གིས་ས་གནས་ཁག་གིས་རང་ཉིད་ཀྱི་དོན་དངོས་ནས་འགོ་ཚུགས་པ་དང་། ཐོག་འཛུགས་རྗེས་གཏོར། ཡུལ་བབ་དང་བསྟུན་པ། རིགས་བགར་མཛུབ་སྟོན་དང་། ས་གནས་རང་གི་ཐོན་ཁུངས་ལེགས་ཆ་དང་། ཐོན་ལས་རྨང་གཞི། ཚན་ཞིབ་ཆ་རྐྱེན་སོགས་ལ་གཞིགས་ནས། གདམ་གསེས་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་འཕེལ་རྒྱས་སྐུལ་སྤེལ་བྱེད་དགོས་ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྟོན་པའི་ཁ་ཕྱོགས་ལྟར། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་ཁག་གིས་ས་གནས་རང་གི་ལེགས་ཆ་འཚོལ་ཞིབ་དང་ས་གནས་རང་གི་ཁྱད་ཆོས་མངོན་པར་བྱས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བཞིན་ཡོད།

  ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་ལེགས་ཆ་བེད་སྤྱོད་ཡག་པོར་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ལ་སྐུལ་དགོས། ཉིན་འདི་དག་རིང་། ཡུན་ནན་ཆུས་ཅིང་གི་ལི་གློག་རྫས་མོ་གློག་རྒྱུ་ཆ་ཕུང་གཅིག་ཅན་གྱི་ལས་གཞི་ཚོད་འཁོར་ལས་འགོ་བརྩམས་ཡོད། ས་གནས་དེ་གའི་ལིས་དང་ལིན་སོགས་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པ་ལ་བརྟེན་ནས། ས་གནས་དེ་གས་ལས་སྣོན་ཞིབ་ཕྲའི་ཐོན་ལས་ནང་འདྲེན་བྱས་ནས། སྔོན་མའི་གཏེར་ཁ་སྔོག་འདོན་བྱས་ཏེ་བཙོང་པ་ནས་རྒྱུ་ཆ་དག་གློག་རྫས་ལས་པར་བསྒྱུར་ཡོད། ད་ལོར།  ཡུན་ནན་གྱིས་ཐོན་ཁུངས་རང་བཞིན་གྱི་ཐོན་ལས་སྤུས་མཐོ་དང་ལས་ཆོད་མཐོ་བའི་བྱ་སྤྱོད་ལག་བསྟར་ཟབ་མོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་སྤྲོད་དང་། སྲོལ་རྒྱུན་ཐོན་ལས་དེ་ལས་སྣོན་ཞིབ་མོ་དང་རིན་ཐང་མཆོང་བརྒལ་དུ་ལུགས་སྒྱུར་གཏང་རྒྱུ་རེད། ཉིང་ཞ་རུ། ཉིའུ་ཧྲོའུ་རི་བོའི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚུགས་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་བྱེད་བཞིན་ཡོད་པ་དང་།  མ་འོངས་པར་ནུབ་བྱང་ས་ཁུལ་གྱི་སྒྲིག་ཆས་གཞི་ཁྱོན་ཆེས་ཆེ་བའི་ཆུ་འཐེན་ནུས་གསོག་གི་གློག་འདོན་ས་ཚུགས་ཁྱུ་ཚོགས་ལ་འགྱུར་རྒྱུ་རེད།  རླུང་འོད་ཐོན་ཁུངས་ཕུན་སུམ་ཚོགས་པོའི་ལེགས་ཆ་ལ་རྐང་ཚུགས་ནས། ཉིང་ཞ་ཡིས་འབག་མེད་གློག་གི་སྤེལ་ཁུལ་དང་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་གལ་ཆེན་གཉིས་ལས་ནས་ནུས་ཁུངས་གསར་པའི་མཁོ་འདོན་གཞི་ཁྱོན་དང་བསྡུར་ཚད་ཇེ་མཐོར་གཏོང་བཞིན་ཡོད།

  ས་བབ་དང་བསྟུན་ནས་བཟོ་སྐྲུན་ལས་རིགས་ལུགས་བསྒྱུར་རིམ་སྤར་ལ་སྐུལ་ནས་འཕེལ་རྒྱས་ལེགས་ཆ་གསར་པ་བསྐྲུན་རྒྱུ་རེད།  ཧུའུ་ནན་གྱིས་ལས་གཞི་འཕྲུལ་ཆས་དང་། ལྕགས་ལམ་འགྲིམ་འགྲུལ་སོགས་རྒྱལ་ཁབ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཀྱི་ལེགས་ཆ་ལ་བརྟེན་པ་དང་། ཐོན་ལས་གཙོ་བོའི་མ་ལག་སྤུས་མཐོའི་འཕེལ་རྒྱས་བྱ་སྤྱོད་རྒྱུན་མི་ཆད་དུ་སྤེལ། སྟོད་སྨད་ཁེ་ལས་འཛུགས་སྐྲུན་རིག་ནུས་བཟོ་གྲྭ་དང་གཉེན་ལྡན་འཁོར་ཁང་། རིག་ནུས་ལས་གནས་ལ་རྒྱབ་སྐྱོར་བྱས་ནས། གསར་དར་རྒྱབ་རྟེན་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་པ་རེད།

  ས་བབ་དང་བསྟུན་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་དྲག་དང་འཕེལ་རྒྱས་ཀྱི་གསོན་ཤུགས་བསྐྲུན། གནམ་ལོ་གསར་དུ་ཚེས་མ་ཐག  ཀྲེ་ཅང་གིས་ཁག་དང་པོའི་ཞིང་ཆེན་རིམ་པའི་ཚོད་ལྟའི་སྟེགས་བུ་བཅུ་གཅིག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ནས། ཚན་རྩལ་གྲུབ་འབྲས་དེ་མགྱོགས་པོར་བེད་སྤྱོད་པར་ཤུགས་བཏོན་ཡོད། གསར་གཏོད་ཐོན་ཁུངས་གཅིག་བསྡུས་དང་ཐོན་ལས་མ་ལག་འཐུས་ཚང་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། ད་ལོར་ཀྲེ་ཅང་གིས་སྲིད་ཇུས་ཀྱིས་སྣེ་ཁྲིད་དང་སྟེགས་བུས་རྒྱབ་སྐྱོར། དངུལ་རྩའི་འགན་སྲུང་། ཆེད་ལས་ཞབས་ཞུས་རོགས་འདེགས་བཅས་ཀྱི་བེད་སྤྱོད་མ་ལག་མགྱོགས་པོར་འཛུགས་སྐྱོང་བྱས་ནས། གསར་གཏོད་གྲུབ་འབྲས་སྔར་ལས་མང་པོ་ཚོད་ལྟ་ཁང་ནས་ཐོན་སྐྱེད་ཕྱོགས་སུ་བསྒྱུར་ཡོད།  ད་ལོར། ཨན་ཧུའེ་ཡིས་ཚན་རིག་སྒྲིག་ཆས་ཆེན་པོ་གཅིག་འདུས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་རྨང་གཞི་བརྟན་པོར་གཞི་བྱས་ནས། གསར་གཏོད་མཉམ་འབྲེལ་ཚོགས་པ་བཙུགས་ཤིང་མ་འོངས་ཐོན་ལས་ཇེ་རྒྱས་ཇེ་ལེགས་ཡོང་བའི་ལས་གཞི་ལག་ལེན་བསྟར་བཞིན་ཡོད།

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942