ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་འཕལ་ལམ་ཕྱིར་ཤོར་གདོང་གཏུག་དོན་རྐྱེན་བྱུང་བར་སི་ཕེན་གྱི་རྒྱལ་པོར་འཚམས་འདྲིའི་ཞལ་པར་བསྐྱོན།ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལ་འཚམས་འདྲིའི་ཞལ་པར་བསྐྱོན།
| 2026-01-21 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་འཕལ་ལམ་ཕྱིར་ཤོར་ནས་གདོང་གཏུག་དོན་རྐྱེན་བྱུང་བར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་ཞལ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས། སི་ཕེན་ལྷོ་རྒྱུད་ཀྱི་ཁེ་ཨར་ཏའོ་ཝ་ཞིང་ཆེན་དུ་སྟབས་མ་ལེགས་པར་མྱུར་བགྲོད་མེ་འཁོར་འཕལ་ལམ་ལས་ཤོར་ནས་གདོང་གཏུག་དོན་རྐྱེན་བྱུང་བས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས་འདུག ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས། འདས་པོར་སེམས་སྐྱོ་བས་མྱ་ངན་ཞུ་བ་དང་འདས་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ། རྨས་མ་རྣམས་སྔ་ཙམ་དྲག་ཐུབ་པའི་སྨོན་འདུན་ཞུ་བཡིན་ཞེས་གསུངས། ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆའེ་སི་ལ་འཚམས་འདྲིའི་ཞལ་པར་བསྐྱོན་པ་རེད།




