ད་ལོའི་ནོར་སྲིད་དང་དངུལ་རྩའི་སྐོར་ལ་སྲིད་ཇུས་འདི་འདྲ་བཏོན་འདུག
| 2026-01-22 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་༢༠ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་འཛིན་མི་སྣས། ༢༠༢༦ལོར། རང་རྒྱལ་གྱིས་མུ་མཐུད་དུ་སྔར་ལས་བརྩོན་སེམས་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ། ནོར་སྲིད་ཀྱི་འགྲོ་གྲོན་རྒྱ་བསྐྱེད་ནས། སྤྱིའི་འགྲོ་གྲོན་གཏོང་ཤུགས་ཇེ་མང་གཏོང་བ་ལས་ཇེ་ཉུང་མི་གཏོང་བར་ཁག་ཐེག་དང་ཁྱབ་ཁོངས་གལ་ཆེན་ནང་ཇེ་དྲག་འགྲོ་བ་ལས་ཇེ་ཞན་མི་འགྲོ་བ་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད།
དམངས་ཁྲོད་དངུལ་གཏོང་ལ་སྐུལ་སློང་ཆེན་པོ་དང་སྡོད་དམངས་ཀྱི་འཛད་སྤྱོད་ལ་སྐུལ་མ་གཏོང་ཆེད། ནོར་སྲིད་པུའུ་སོགས་སྡེ་ཁག་མང་པོས་ཚེས་༢༠ཉིན་ནོར་སྲིད་དངུལ་རྩའི་མཐུན་སྦྱོར་གྱིས་ནང་མཁོའི་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དེའི་ནང་། དམངས་ཁྲོད་དངུལ་གཏོང་ཆེད་དོན་ལས་གཞིའི་འགན་སྲུང་འཆར་གཞི་བཀོད་སྒྲིག་བྱས་ནས། རྒྱལ་ཁབ་དངུལ་རྩའི་འགན་སྲུང་ཐེབས་རྩས་ཆེད་དུ་འགན་སྲུང་འཆར་གཞི་སྒོར་དུང་ཕྱུར་ལྔ་སྟོང་བཙུགས་ནས། ལོ་གཉིས་ལ་བགོས་ནས་ལག་བསྟར་བྱས་ཏེ། དངུལ་ཁང་གི་གསར་དུ་སྒོར་དུང་ཕྱུར་ལྔ་སྟོང་བཏོན་ནས་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་དམངས་ཁྲོད་དངུལ་གཏོང་དངུལ་བུན་གཏོང་རྒྱུ་རེད།
ཐོག་དང་པོར་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གྱི་དངུལ་བུན་སྐྱེད་སྦྱོར་སྲིད་ཇུས་ལག་བསྟར་བྱས་ནས། ད་ལོའི་ཟླ་བ་༡ཚེས་༡ཉིན་ནས་བཟུང་། དམངས་གཉེར་ཁེ་ལས་ཆུང་འབྲིང་ཕྲན་གསུམ་ལ་ཆ་རྐྱེན་དང་འཚམ་པའི་གཏན་འཇགས་མ་དངུལ་གྱི་དངུལ་བུན་བཏང་ནས། ལོ་རེར་སྐྱེད་ཀ་བརྒྱ་ཆའི་གྲངས་གནས་གཅིག་ཚེག་ལྔ་སྦྱོར་བ་དང་། ཆེས་རིང་ན་ལོ་གཉིས་ལ་སྐྱེད་ཀ་སྦྱོར་རྒྱུ་ཡིན་པས། ཁེ་ལས་རྐྱང་པས་ཆེས་མང་ན་སྒོར་བྱེ་བ་ལྔའི་དངུལ་བུན་ལེན་ཆོག ཁེ་ལས་རྐྱང་པས་ཆེས་མང་ན་སྒོར་ས་ཡ་གཅིག་འབུམ་ལྔའི་སྐྱེད་སྦྱོར་ལོངས་སུ་སྤྱོད་ཐུབ། ནུས་ཁུངས་གསར་པའི་རླངས་འཁོར་དང་བཟོ་ལས་མ་གྲུ་སོགས་ཐོན་ལས་མ་ལག་གལ་ཆེན་དང་ཐོན་ལས་ཀྱི་རིམ་པ་གོང་འོག ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་ཀྱི་ཁྱབ་ཁོངས། དེ་བཞིན་དུ་ཞིང་ནགས་འབྲོག་ཉའི་འབྲེལ་ཡོད་ཁྱབ་ཁོངས་བཅུ་བཞི་ལ་ཁྱབ་ཡོད།
གཞན་ཡང་། ཚེས་༢༠ཉིན་ད་དུང་ཞབས་ཞུ་ལས་རིགས་ཚོང་གཉེར་གྲུབ་ཆ་གཙོ་བོའི་དངུལ་བུན་སྐྱེད་སྦྱོར་དང་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ནོར་སྲིད་སྐྱེད་སྦྱོར། སྒྲིག་ཆས་གསར་བརྗེའི་དངུལ་བུན་ནོར་སྲིད་སྐྱེད་སྦྱོར་སོགས་ཀྱི་སྲིད་ཇུས་ལེགས་སྒྱུར་ལག་བསྟར་བྱས་ཡོད།




