དབུ་བཞུཊ་བློན་ཆེན་ཟུར་པ་ལྐོག་བསད་བྱེད་མཁན་འདིར་ཁྲིམས་ཐག་བཅད་འདུག
| 2026-01-23 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་ཉེར་གཅིག་ཉིན་འཇའ་པན་རླུང་འཕྲིན་མཐུན་ཚོགས་ཀྱི་སྒྲོག་གཏོང་ལ་གཞིགས་ན། འཇའ་པན་ལའེ་ལིའང་ས་གནས་ཁྲིམས་ཁང་གིས་འཇའ་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་ལྐོག་བསད་གྱོད་གཞིར་ཁྲིམས་ཐག་བཅད། ཞུ་སྦྱོར་ཕྱི་མ་ཧྲན་ཧྲང་ཁྲེ་ཡེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག
༢༠༢༢ལོའི་ཟླ་༧ཚེས་༨ཉིན། ཨན་པེ་ལའེ་ལིའང་གྲོང་ཁྱེར་ཁྲོམ་ལམ་དུ་ཀྲི་མིང་ཏང་གི་གྲོས་ཁང་གོང་མའི་གདམ་མི་ལ་འདེམས་བསྐོ་ལ་རོགས་བྱེད་དུས་བོའུ་བརྒྱབ་ནས། མྱུར་སྐྱོབ་མ་ཐུབ་པར་རྐྱེན་ལམ་དུ་ཤོར། ལོ་རེ་བདུན་ཡིན། དོགས་ཡོད་ཉེས་ཅན་ཧྲན་ཧྲང་ཁྲེ་ཡེ་ཡུལ་དངོས་ནས་བཟུང་བ་རེད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཞུ་ཆེན། མགོན་པོ་ཚེ་རིང་།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




