གཉིད་ཆུ་ཚོད་ག་ཚོད་ཉལ་ན་འཚམ་མམ།
| 2026-01-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
གཉིད་འཕྱི་པོ་ཉལ་བ་ཙམ་གྱིས་མཚན་མོ་གཉིད་ཆག་པར་བརྩི་བ་མ་རེད། གཉིད་སྔ་པོ་ཉལ་བ་ཙམ་གྱིས་ཀྱང་གཟུགས་པོ་བདེ་ཐང་ཡོང་བའི་ངེས་པ་མེད། གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ནི་སྐྱེ་དངོས་དུས་འཁོར་དང་གཉིད་ཀྱིས་རང་ཉིད་དོ་སྙོམས་ཡོང་བར་བྱེད་མིན་ལ་ཐུག་ཡོད། དེར་བརྟེན་ཆུ་ཚོད་ཅི་ཙམ་ལ་གཉིད་མ་ཁུག་ན་མཚན་མོ་གཉིད་ཆག་པར་བརྩི་བ་ཡིན་ཞེས་པའི་གནད་དོན་འདི་མི་རེ་ངོ་རེའི་སྐྱེ་དངོས་དུས་འཁོར་ལྟར་རྩིས་དགོས། གཉིད་ཀྱི་འགྲོ་ལུགས་ངེས་ཅན་ཞིག་རྒྱུན་འཁྱོངས་ཐུབ་ན་མཚན་མོ་གཉིད་ཆག་པར་མི་བརྩི། མཚན་མོ་གཉིད་ཐེབས་ཆག་པ་གསོ་ཐུབ་བམ།




