ཀའོ་ཧྲི་ཙའོ་མིའོ་ཡིས་གྲོས་ཁང་འོག་མ་གཏོར་རྒྱུ་ཐག་བཅད།
| 2026-01-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀའོ་ཧྲི་ཙའོ་མིའོ་ཡིས་ནང་སྲིད་གྲོས་ཚོགས་ཐོག་གྲོས་ཁང་འོག་མ་གཏོར་རྒྱུ་ཐག་བཅད་པ་རེད།
དབྱེ་ཞིབ་མི་སྣས་ཀའོ་ཧྲི་ཙའོ་མིའོ་ཡིས་སྐབས་འདིར་གྲོས་ཁང་འོག་མ་གཏོར་བའི་དམིགས་ཡུལ་གཙོ་བོ་ནི་མིག་སྔར་རྒྱལ་ནང་གི་རྒྱབ་སྐྱོར་ཚད་མཐོ་བར་བརྟེན་ནས་སྲིད་དབང་སྲ་བརྟན་དུ་གཏོང་བསམ་བཞིན་ཡོད་པར་འདོད། འཇར་པན་ཧྲན་ཁུའོ་སློབ་གྲྭ་ཆེན་མོའི་མཚན་འཛིན་དགེ་རྒན་ཆེན་མོ་ཅའོ་ཞེ་ཧུའོ་ཡིས། ཀའོ་ཧྲི་ཡིས་གལ་ཏེ་འདེམས་བསྐོ་གསར་པ་མ་བྱས་པར་རྒྱལ་ཚོགས་རྒྱུན་ལྡན་གྲོས་ཚོགས་འཚོགས་ན། མོའི་ནང་སྲིད་ལས་ཁུངས་ལ་དཔལ་འབྱོར་དང་། ཕྱི་འབྲེལ། གསེར་འབུལ་བའི་གསར་འགྱུར་ངན་པ་སོགས་ཀྱི་གནད་དོན་ལ་འདྲི་རྩད་ནན་པོ་ཐེབས་ནས་རྒྱབ་སྐྱོར་ཤོར་སྲིད་པས། མོས་རྒྱབ་སྐྱོར་མ་ཤོར་གོང་སྲིད་དབང་ཇེ་དྲག་གཏོང་བསམ་པ་རེད་ཟེར།
སྐབས་འདིའི་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མིའི་འགན་འཛིན་དུས་ཡུན་མ་གཞིར་༢༠༢༨ལོའི་ཟླ་༡༠པར་ཚང་། འཇར་པན་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། གྲོས་ཁང་འོག་མ་འདེམས་བསྐོ་བྱས་རྗེས་ཀྱི་ཉིན་སུམ་ཅུའི་ནང་ངེས་པར་དུ་རྒྱལ་ཚོགས་བསྡུས་ནས་དབུ་བཞུགས་བློན་ཆེན་མིང་བཏོན་འདེམས་བསྐོ་བྱེད་དགོས་པ་རེད།




