སྨན་འདི་རིགས་གང་འདོད་དུ་བཟའ་མི་ཆོག
| 2026-01-25 来源:མི་དམངས་དྲ་བ། | 分享: |
འཚོ་བའི་ནང་མགོ་ན་བ་དང་། སོ་ན་བ། རུས་ཚིགས་ན་བ་སོགས་ན་ཟུག་སྣ་ཚོགས་རྒྱུན་དུ་འབྱུང་བཞིན་ཡོད་ལ། མི་མང་པོས་པུ་ལོ་ཧྥེན་སྤྱད་ནས་ན་ཟུག་སེལ་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་པུ་ལོ་ཧྥེན་གྱིས་ན་ཟུག་ཚང་མ་སེལ་ཐུབ་ཀྱི་མེད་ལ། དགོས་མེད་དུ་བེད་སྤྱོད་བྱས་ཚེ་བདེ་ཐང་ལ་གནོད་སྐྱོན་འབྱུང་སྲིད་པས། པུ་ལོ་ཧྥེན་ནི་ཀུན་ནུས་ཀྱི་ན་ཟུག་སེལ་བའི་སྨན་ཞིག་མིན་པའི་དྲན་སྐུལ་བྱས་པ་ཡིན།
1. དགེ་མཚན།
པུ་ལོ་ཧྥེན་གཙོ་བོ་ན་ཟུག་ཚབས་ཆེན་པོ་མིན་རིགས་མྱུར་ཏུ་སེལ་བར་བེད་སྤྱོད། རུས་ཚིགས་ན་བ་དང་། ཤ་གནད་ན་བ། མགོ་ན་བ། སོ་ན་བ། དེ་མིན་བུད་མེད་ཚོའི་ཟླ་མཚན་ན་བ་སོགས་ལ་པུ་ལོ་ཧྥེན་གྱིས་ན་ཟུག་སེལ་བའི་ནུས་པ་ཡག་པོ་ཐོན་ཐུབ།
ཆམ་པ་དང་། ཆམ་ཡམས་སོགས་རྐྱེན་ཚ་བ་རྒྱས་ཚེ་པུ་ལོ་ཧྥེན་གྱིས་ཚ་བ་སེལ་བའི་ནུས་པ་ཡག་པོ་ཐོན་ཐུབ།
2. སྐྱོན་ཆ།
པུ་ལོ་ཧྥེན་གྱིས་ཟུག་གཟེར་དང་། རྨས་སྐྱོན་ཚབས་ཆེན་གྱི་ན་ཟུག ཤ་གནད་གཟེར་བ་(དཔེར་ན་མཁྲིས་གཟེར་དང་། ཕོ་རྒྱུ་གཟེར་བ་)སོགས་ལ་ནུས་པ་མེད།
ཟླ་བ་6མན་གྱི་བྱིས་པ་རྣམས་ཀྱིས་བེད་སྤྱོད་བྱས་ཚེ་ཕོ་རྒྱུ་ལ་ཚུར་སྣང་ཡོད་པ་དང་། མཁལ་མའི་ནུས་པ་ཉམས་པ། ཤ་རྒྱུས་གཉན་ཚད། ལེ་ཧྲི་ཕྱོགས་འདུས་ནད་སོགས་ཀྱི་ཞོར་གནོད་སོགས་འབྱུང་བའི་ཉེན་ཁ་ཡོད་པས་བེད་སྤྱོད་མ་བྱས་ན་ལེགས།
ཆུ་འབྲུམ་ནད་པས་པུ་ལོ་ཧྥེན་བེད་སྤྱོད་བྱས་ཚེ་མཉམ་འབྱུར་ནད་རིགས་བྱུང་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས། གལ་ཏེ་ཚ་བ་གཅོག་པ་དང་ན་ཟུག་སེལ་དགོས་ཚེ་ན་ཟུག་གཅོག་པའི་སྨན་གཞན་པ་འདེམས་དགོས།
དམིགས་བསལ་མི་ཚོགས་ཀྱིས་སྨན་པར་བློ་འདྲི་བྱས་རྗེས་སྨན་བེད་སྤྱོད་བྱས་ན་ལེགས།
3. བེད་སྤྱོད་མི་ཆོག་པའི་གནས་ཚུལ།
གཤམ་གསལ་མི་ཚོགས་ཀྱིས་པུ་ལོ་ཧྥེན་བེད་སྤྱོད་བྱས་མི་ཆོག
པུ་ལོ་ཧྥེན་དང་། པུ་ལོ་ཧྥེན་སྨན་རྫས་ཀྱི་ཟུར་སྦྱོར། ཨ་སི་ཕི་རིན། ཡང་ན་སི་ཐེ་རོ་རེ་མིན་པའི་གཉན་ཚད་སེལ་སྨན་ལ་ཚུར་སྣང་ཆེན་པོ་ཡོད་པའི་མི་ཚོགས།
མངལ་ཆགས་སྔ་དུས་དང་། མངལ་ཆགས་ནས་གཟའ་འཁོར་20ཡི་རྗེས་ཀྱི་བུད་མེད།
ནུ་མ་སྣུམ་མཁན་བུད་མེད།
མཆིན་ནད་དང་མཁལ་ནད། སྙིང་ནད་ཚབས་ཆེན་ཡོད་པའི་ནད་པ།
འཇུ་ལམ་གྱི་གཉན་ཚད་དང་། ཕོ་རྒྱུ་ནས་ཁྲག་ཐོན་པའམ་ཁུང་རྡོལ་ནད་པ།
4. ཚད་ཟིན་པའི་ནུས་པ།
པུ་ལོ་ཧྥེན་ལ་བཟའ་རྒྱུར་དབྱིངས་ཞུགས་ཀྱི་ཉེན་ཁ་མེད་ནའང་། ཚད་ཟིན་པའི་ནུས་པ་ཞིག་ཡོད་དེ། དེ་ནི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་རྗེས། སླར་ཡང་ཚད་གཞི་མང་དུ་བཏང་བ་ཡིན་ནའང་ན་ཟུག་སེལ་བའི་ནུས་པ་མི་ཐོན་པ་མ་ཟད། ཞོར་གནོད་ཀྱི་ནུས་པ་མངོན་གསལ་དུ་འཕར་འགྲོ།




