དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།
| 2026-01-27 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གཉིས་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་མི་རེད་ཟེར།
ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ནཱ་པེད་ཐིས་ཡེ་ཞིང་ཆེན་གྱི་མཐའ་མཚམས་གྲོང་རྡལ་པེན་ཐི་ཀྲུའུ་པེད་ལེ་ཡི་སྡེ་བ་གཉིས་ཀྱི་བར་མཚམས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཟེར། ལེ་པཱ་ནུན་གྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ལྷོ་ཕྱོགས་ཞིང་ཆེན་གྱི་ཐིས་ཨར་ས་ཁུལ་གྱི་ཏི་ཨར་ཏི་ཅཱ་ཡཱ་མཁར་གྲོང་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།




