ཧིན་རྡུ་ཉི་ཞི་ཡཱ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི10རྐྱེན་ལམ་དུ་ཤོར་བ་དང་མི71གར་སོང་རྙེད་མེད།
| 2026-01-27 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཞིང་ཆེན་ནུབ་མའི་ཞི་ཝན་ལུང་རྫོང་དུ་ཚེས24ཉིན་གྱི་ཞོགས་པར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི10རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི71གར་སོང་རྙེད་མེད་ལ། རྒུད་སྐྱོབ་བྱ་བ་བྲེལ་མྱུར་གྱིས་སྤེལ་བཞིན་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ཨན་ཐཱ་ལཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། བཀྲ་ཝ་ཞིང་ཆེན་ནུབ་མའི་གནོད་འགོག་ཁང་གིས་བསྟན་དོན། ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་དེ་ནི་བསྟུད་མར་ཆར་བ་བབས་པ་ལས་བྱུང་ཡིན་ཞིང་། གནོད་འཚེ་དེ་ལས་ཁང་ཤར30ལ་གཏོར་བརླག་ཐེབས་པ་དང་། དེའི་ནང་ཁང་ཤར་གཅིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། སྡོད་དམངས400ཙམ་བྲེལ་མྱུར་ངང་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་ཟེར།
བཀྲ་ཝ་ནུབ་མ་ཞིང་ཆེན་གྱི་ཧྲིན་ཀྲང་མུའུ་ལེ་ཡཱ་ཏིས་ཀྱིས་བསྟན་དོན། གནོད་འཚེ་ཐེབས་པའི་ཁྱིམ་ཚང་རེ་རེར་རྒུད་སྐྱོབ་མ་དངུལ་འདོན་སྤྲོད་བྱས་ཏེ། གནས་སྐབས་ཀྱི་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་འགྲོ་སོང་ཐད་བཀོལ་རྒྱུ་ཡིན་ཟེར།

ཟླ1ཚེས24ཉིན། ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ནུབ་མ་ཞིང་ཆེན་གྱི་ཞི་ཝན་ལུང་རྫོང་དུ། རྒུད་སྐྱོབ་མི་སྣས་རི་ཉིལ་བའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སྔོག་བཤེར་བྱེད་བཞིན་པ།

ཟླ1ཚེས24ཉིན། ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ནུབ་མ་ཞིང་ཆེན་གྱི་ཞི་ཝན་ལུང་རྫོང་དུ། རྒུད་སྐྱོབ་མི་སྣས་འདས་པོའི་བེམ་པོར་གནས་གཞན་དུ་སྐྱེལ་བཞིན་པ།