འབད་འཐབ་ནི་མཐོ་སྒང་གི་ཆེས་མཛེས་པའི་རང་མདངས་ཡིན།
| 2026-01-28 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |

ཁ་བའི་ཁྲོད་ཀྱི་འབྲོག་མོ།

བྱེ་ཐང་དུ་མཆོང་རྒྱུག་བྱེད་བཞིན་པ།

དགུན་འཁྱག་ཁྲོད་གཞུང་ལམ་གྱི་དར་གཙང་སེལ་བྱེད་བཞིན་པ།

གྲང་ངར་ལ་མི་འཛེམ་པར“གློག་ཤུགས་གནམ་ལམ”ཤར་གཏོང་བྱེད་བཞིན་པ།

གད་རྙིགས་འཐུ་བཞིན་པ།

འབྲི་འོ་བསྡུ་ལེན་བྱེད་བཞིན་པ།

དྲ་སྟེང་གི་ཕྱིར་ཚོང་།

ཐག་འཐེན་བྱེད་བཞིན་པ།

མཚོ་ནུབ་ནུའོ་མུའུ་ཧུང་ཞིང་ར་རུ་འཕང་འབྲས་འཐོག་བཞིན་པ།
མཐོ་སྒང་རིག་གནས་ནི་མཚོ་སྔོན་པའི་ཤ་ཁྲག་རུས་པའི་གཏིང་དུ་ཟུག་ཡོད་པའི་བློ་བརྟན་འགྱུར་མེད་དང་འགན་འཁྲི་ཡིན་ལ། དེ་ནི་གངས་རླུང་ཁྲོད་དུ་གློག་དྲ་འཛུགས་སྐྲུན་བྱེད་མཁན་འདྲེན་སྐུད་སྟེང་ལས་ཀ་བྱེད་སྐབས་ཀྱི་དབུགས་འབྱིན་པའི་ཁྲོད་དུ་སྦས་ཡོད་པ་དང་། ལམ་གསོ་ལས་བཟོ་པས་གཞུང་ལམ་གྱི་དར་གཙང་སེལ་བྱེད་སྐབས་ཀྱི་གོམ་སྒྲ་ཁྲོད་དུ་སྦས་ཡོད་ལ། ཞིང་བས་རྐེད་པ་སྒུར་ནས་ལོ་ཏོག་ལ་ལྟ་སྐྱོང་བྱེད་སྐབས་ཀྱི་རྔུལ་ཆུ་ཐིགས་པའི་ནང་དུ་ཡང་སྦས་ཡོད།
པར་རིས་འདི་དག་ནི་མཚོ་སྔོན་གྱི་མཛེས་སྡུག་ངས་པར་ལེན་བྱེད་ཞེས་པའི་པར་ལེན་བྱེད་སྒོ་ནང་རྩོམ་སྐུར་བ་ལས་བདམས་པ་ཡིན། པར་ལེན་མཁན་དག་གིས་བརྙན་མིག་བརྒྱུད་ནས་མཐོ་སྒང་གི་འབད་འཐབ་པའི་སྣང་བརྙན་གཏན་འཁེལ་བྱས་ཡོད་ལ། ཁོ་ཚོའི་མི་རིགས་དང་ལོ་ཚོད། ལས་གནས་མི་འདྲ་ནའང་གཅིག་མཚུངས་ཀྱི་ཨུ་ཚུགས་ཡོད་པ་སྟེ། མཐོ་སྒང་ནས་ལག་ཟུང་གིས་འཚོ་བར་རྨོ་འདེབས་བྱེད་པ་དང་འབད་བརྩོན་དངོས་ལ་བརྟེན་ནས་འགན་འཁྲི་ཕྲག་ཏུ་བླངས་ཡོད།
གནམ་ས་གཡོ་འགུལ་གྱི་དཔའ་ངར་མེད་ལ། ཡོད་པ་ནི་ཉིན་རེ་བཞིན་རྒྱུན་ཆད་མེད་པའི་བརྟན་སྲུང་ཡིན། སྤྱིར་བཏང་གི་གྲིབ་གཟུགས་དེ་དག་ནི་མཐོ་སྒང་རིག་གནས་ཀྱི་གསོན་ཉམས་ལྡན་པའི་མཚོན་རྟགས་ཡིན། ཁོ་ཚོས་འབད་འཐབ་ཀྱི་རྔུལ་ཆུ་མཚོ་བོད་མཐོ་སྒང་དུ་གཏོར་ཡོད་ལ། མཚོ་སྔོན་གྱི་འཕེལ་རྒྱས་འཕར་རྩ་མཐོ་སྒང་དུ་ནུས་ལྡན་ངང་ལྡིང་ཐུབ་པར་མ་ཟད། མཐོ་སྒང་རིག་གནས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ནང་ཉིང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གོ་རིམ་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བཞིན་ཡོད། །




