ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་གི་མངའ་ཁོངས་བཀོལ་ནས་དབྱི་ལིང་ལ་དམག་དོན་ཆམ་ཕབ་གཏོང་མི་རུང་བ་བསྐྱར་བསྒྲགས་བྱས།
| 2026-01-28 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་གི་མངའ་ཁོངས་དང་མཁའ་ཁོངས། ཆུ་ཁོངས་བཅས་ནས་དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་གང་རུང་སྤེལ་མི་ཆོག་པ་བསྐྱར་བསྒྲགས་བྱས་པ་དང་། རིགས་དེ་མཚུངས་ཀྱི་འགུལ་སྐྱོད་ཁྲོད་དུ་མཁོ་སྒྲུབ་རྒྱབ་སྐྱོར་གང་ཡང་འདོན་སྤྲོད་བྱེད་མི་སྲིད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་བལྟས་ན། གྲོས་མོལ་དང་གནས་བབ་ཞི་འཇགས་སུ་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པ། དེ་མིན་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་བཅས་ནི་མིག་སྔའི་ཉམས་ཉེན་དང་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་ཆེས་ཕན་ཐོགས་ཡོད་པའི་རྨང་གཞི་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ནམ་རྒྱུན་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པའི་འདོད་བློ་བཅངས་ཡོད་པ་དང་། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར།




