ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ལིན་ཁུན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་ཀྱིས་ཉིན་རེ་གཉིས་ནང་དབྱི་ལིང་ལ་ཆམ་ཕབ་གཏོང་སྲིད་པའི་ཚུལ་བསྟན།
| 2026-01-28 来源:ཞིན་ཧྭ་གསར་འགྱུར་དྲ་བ། | 分享: |
ཨ་མེ་རི་ཁའི་ཉིག་ཡོ་སྐབས་དོན་ཚགས་པར་གྱིས་ཚེས26ཉིན་མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མཚོ་དམག་གི་ཡཱ་པའོ་ལཱ་ཧན་ལིན་ཁུན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་པ་ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གི་ཧིན་རྡུ་རྒྱ་མཚོ་ནུབ་མའི་འགན་འཁྲིའི་ས་ཁུལ་དུ་བསླེབས་ཡོད་པ་དང་། གལ་ཏེ་ཕོ་བྲང་དཀར་པོས་དབྱི་ལིང་ལ་ཆམ་ཕབ་གཏོང་བའི་བཀའ་རྒྱ་བཏང་ན། གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་ཀྱིས་ཉིན་རེ་གཉིས་ནང་དམག་དོན་འགུལ་སྐྱོད་སྤེལ་སྲིད་ཟེར།




