ཁྲག་མངར་དང་ལུས་པོའི་ལྗིད་ཚད་ལ་ཧ་ཅང་ཕན།
| 2026-01-29 来源:མི་དམངས་དྲ་བ། | 分享: |
པད་ཚལ་ཟས་ན་མངར་ཆའི་སྟོན་གྲངས་དམའ་ཞིང་ཧ་ལམ་15ཡིན། དེ་ནི་གཅིན་པ་མངར་འགྱུར་གྱི་ནད་པ་དང་མངར་ཆ་ཚོད་འཛིན་བྱེད་མཁན་གྱིས་ཟ་དགོས་པའི་སྔོ་ཚོད་ཅིག་ཡིན།
གཞན་ཡང་། པད་ཚལ་ལ་ཆུ་འདུས་ཚད་མང་བ་དང་ཚ་ཚད་དམའ་བས། ལུས་པོའི་ལྗིད་ཚད་ཆེར་མི་འགྲོ་བར་ཡང་ཕན་པ་ཡོད། པད་ཚལ་ཁེ་100རེར་མངར་ཆའི་འདུས་ཚད་ཁེ་2-3ལས་མེད་པ་དང་། ཚ་ཚད་ཁཱ་རོ་ལི་སྟོང་13-17ལས་མེད། མང་པོ་ཟས་ཀྱང་རྒྱགས་པ་ཆགས་པར་སེམས་ཁྲལ་བྱེད་མི་དགོས།
རིམས་འགོག་དང་རྒྱུ་མ་ལ་ཧ་ཅང་ཕན།
པད་ཚལ་ལ་འཚོ་རྒྱུ་Cཡི་འདུས་ཚད་ཧ་ལམ་ཧའོ་ཁེ་37.5/ཁེ་100ཡིན་པ་དེ་སྔོ་ཚོད་ལྗང་གུ་གཞན་པ་གང་ལས་ཀྱང་མང་ཞིང་། སིལ་ཏོག་ལེ་མོང་ལས་ཀྱང་ཧ་ཅང་མཐོ་(ཧའོ་ཁེ་22/ཁེ་100)། འཚོ་རྒྱུCལ་རང་གྲུབ་གཞི་རྒྱུ་སྙོམ་པ་དང་རྒས་པ་ཕྱིར་འགྱངས་བྱེད་པར་ཕན་པ་མ་ཟད། རིམས་ཐར་སྙོམ་སྒྲིག་ཐད་ནུས་པ་གལ་ཆེན་ཐོན་ཐུབ།
དགུན་ཁར་མི་མང་པོས་ཤ་རིགས་ཟ་ཚད་མང་དུ་ཕྱིན་པ་དང་ཕྱི་རོལ་དུ་འགུལ་སྐྱོད་བྱེད་ཚད་ཉུང་དུ་ཕྱིན་ནས་གསུས་སྦོས་པའམ་ཡང་ན་བཤང་འགག་འབྱུང་སླ་བ་རེད། པད་ཚལ་ནང་དུ་ཞུ་མི་ཐུབ་པའི་ཟས་རིགས་ཚི་སྣ་ཅུང་མང་པོ་འདུས་པས། རྒྱུ་མའི་ཟས་རིགས་ལྷག་མ་ཡི་འདུས་ཚད་ཇེ་མང་དུ་བཏང་སྟེ་བཤང་འགག་སྔོན་འགོག་བྱེད་པར་ཕན།
འབྲས་སྐྲན་འགོག་པར་ཕན།
པད་ཚལ་ལ་རྩི་ཤིང་གི་རྫས་འགྱུར་དངོས་པོ་འདུས་ཡོད། དཔེར་ན། མུ་ཟི་ཚབ་རྒུན་འབྲུམ་མངར་ཀེན་ལྟ་བུ་ཡིན། དངོས་པོ་དེ་རིགས་ལ་འབྲས་སྐྲན་འགོག་པ་དང་དབྱང་འགྱུར་འགོག་པ། སྲིན་འགོག་རྒྱུ། ལུས་ཕུང་གི་རིམས་ཐར་བྱེད་ནུས་སྙོམ་སྒྲིག་བཅས་ཀྱི་མི་མངོན་པའི་ཕན་པ་ལྡན།
པད་ཚལ་གྱིས་ད་དུང་རྩི་ཤིང་གི་རྫས་འགྱུར་དངོས་པོ་གཞན་དག་མཁོ་འདོན་བྱེད་ཐུབ། དཔེར་ན་ལོ་སྐྱུར་དང་། ལ་སེར་རྒྱུ། འཚོ་རྒྱུKདང་ཧྥུན་མང་སོགས་ཡིན་པས་འཚོ་བཅུད་ཅུང་ཆ་ཚང་བ་ཡོད།




