རང་རྒྱལ་གྱིས་ལས་ཀའི་ནུས་པ་ཧ་ལམ་ཤོར་བའི་རྒན་རྒོན་ལ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་བཞིན་འདུག
| 2026-01-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཀྲམ་པ་ལྟར་ན། ད་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ལས་ཀའི་ནུས་པ་ཧ་ལམ་ཤོར་བའི་རྒན་རྒོན་ལ་དམིགས་ནས་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་པའི་སྲིད་ཇུས་རྒྱལ་ཡོངས་སུ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། སྲིད་ཇུས་འདི་ནི་ན་ནིང་ལོའི་ཟླ་བ་བདུན་པར་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ཏུ་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་སྔར་ལས་ལྷག་པར་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་རེད།
ད་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། གཅིག་གྱུར་གྱིས་དཔྱད་དཔོག་བྱས་པ་བརྒྱུད་ལས་ནུས་ཧ་ལམ་ཤོར་བ། ལས་ནུས་ཤོར་བ་ཚབས་ཆེ་བ། ལས་ཀའི་ནུས་པ་རྦད་དེ་ཤོར་བ་བཅས་ཀྱི་རིམ་པའི་གྲས་སུ་ཚུད་པའི་རྒན་རྒོན་རྣམས་ཀྱིས་དམངས་སྲིད་ཀུན་ཤེས་ཞེས་པ་དང་། དེ་མིན་མགྲོན་སྣེ་ཆུང་ངུ་དང་མགྲོན་སྣེ་བརྒྱུད་ནས་ཟླ་རེར་མཐོ་ཤོས་ཡིན་ན་སྒོར་༨༠༠ཡི་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། དེའི་ནང་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་གི་སྐྱིན་འཕྲིའི་བསྡུར་ཚད་ནི་བརྒྱ་ཆའི་༥༠ཡིན་ལ། རྒན་གསོ་ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུའི་འཛིན་ཤོག་གི་སྐྱིན་འཕྲིའི་བསྡུར་ཚད་ནི་བརྒྱ་ཆའི་༤༠རེད། ཁ་གསབ་དེ་གློག་རྡུལ་འཛད་སྤྱོད་འཛིན་ཤོག་གི་རྣམ་པའི་ཐོག་ནས་ཟླ་རེ་བཞིན་སྤྲོད་བཞིན་ཡོད་པ་དང་། ཁ་གསབ་རྣམ་གྲངས་ཡིན་ན་ཁྱིམ་སྡོད་དང་འདུས་ཁུལ། རྒན་གསོ་ལས་ཁུངས་ཀྱི་རྒན་གསོའི་ཞབས་ཞུ་བཅས་འདུས་ཡོད། དེ་ཡང་ཟ་མ་དང་ལུས་འཁྲུད། གཙང་སྦྲ། འགྲོ་འདུག ཐོལ་བྱུང་གནས་ཚུལ་ཐག་གཅོད། སྨན་བཅོས་བཅས་ཀྱི་ཐད་ནས་རོགས་སྐྱོར་བྱེད་པ་དང་དེ་མིན་དྲག་སྐྱེད་ནད་གཡོག ཉིན་མོའི་བཅོལ་གསོ་སོགས་ཀྱི་ཞབས་ཞུའི་ནང་དོན་མང་པོ་ཚུད་ཡོད་པ་རེད།
དམངས་སྲིད་པུའུ་ཡིས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ནུས་པ་འདོན་སྤེལ་བྱེད་པ། ཆ་འཕྲིན་མ་ལག་གི་ལག་རྩལ་འགོག་སྲུང་གི་ལེགས་ཆ་ཇེ་དྲག་བཏང་ནས་དམངས་ཕན་སྲིད་ཇུས་དེ་དག་དོན་འཁྱོལ་ཐིག་པོ་བྱས་ནས་མི་སེར་རྣམས་ཀྱིས་མྱུར་དུ་ལོངས་སྤྱོད་ཐུབ་རྒྱུར་འགན་སྲུང་བྱེད་དགོས། ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་གཏོང་དགོས་པ་དང་། ཞིབ་བཤེར་བདེན་དཔང་གི་ནང་རྐྱེན་ལག་བསྟར་ནན་མོ་བྱེད་དགོས་ལ། གཞི་རིམ་གྱི་དམངས་སྲིད་ལས་ཁུངས་ཀྱིས་བསྡུར་ཚད་བརྒྱ་ཆའི་༡ལས་མི་དམའ་བའི་བསྡུར་ཚད་ལྟར་ཡུལ་དངོས་ནས་ཞིབ་བཤེར་བདེན་དཔང་བྱེད་དགོས་ཤིང་། ལས་སྒྲུབ་ཐེངས་གཅིག་ཙམ་མིན་པར་ལས་སྒྲུབ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ནང་སྒོས་སུ་རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས་པ་དང་། ཤེས་བཞིན་དུ་ཁྲིམས་དང་འགལ་མཁན་ལ་ཆད་བཅད་བསླབ་འདོམས་ནན་མོ་བྱེད་དགོས། དཔྱད་དཔོག་དང་ལྟ་སྐུལ་དོ་དམ་ཇེ་དྲག་གཏོང་དགོས། རྒྱལ་ཁབ་ཀྱི་ཚད་གཞི་དང་དཔྱད་དཔོག་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་ཕན་ཚུན་ཁས་ལེན་དང་མཉམ་སྤྱོད་ཀྱི་ལས་ཀ་ཡག་མོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།




