ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གནང་།
| 2026-01-30 来源:ཞིན་ཧྭ་དྲ་བ། | 分享: |
ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གསུང་བཤད་གནང་ནས་བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པར་ནན་གྱིས་བསྟན། ཏིན་ཞུའེ་ཞང་གིས་མགོ་འཛིན་མཛད། ལི་ཞི་སོགས་གྲོས་ཚོགས་ལ་ཞུགས།

ཟླ་དང་པོའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཐོག་ནས་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ལེགས་པོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་དང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་ཝུའུ་ཀྲེང་ལུང་། ཧྲིན་དབྱི་ཆིན་བཅས་གྲོས་ཚོགས་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཅིན་ཀོ་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས།
ལི་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ཏངསྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་དུ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། རུལ་སུངས་བསྐྱེད་པའི་གཤིན་ས་དང་ཆ་རྐྱེན་གཙང་སེལ་བྱེད་པའི་ལས་འགན་སྔར་བཞིན་ལྕི་བའི་ཐག་གཅོད་གལ་ཆེན་ལ་ཤེས་རྟོགས་དང་དམ་འཛིན་བྱེད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ནམ་ཡང་གཟབ་ནན་བྱེད་པའི་མངོན་གསལ་གྱི་ལངས་ཕྱོགས་ལ་ཤེས་རྟོགས་དང་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ཤེས་རྟོགས་དང་དམ་འཛིན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་ཆེད་འགྱུར་མེད་འགན་སྲུང་གི་ལས་འགན་བླང་བྱ་འདོན་སྤྲོད་བྱས་ནས། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་དེ་སྲིད་གཞུང་གི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་དོན་འཁྱོལ་བྱེད་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། སྔར་ལས་བརྟན་པོ་དང་ཤུགས་ཡོད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལས་སྲིད་འབྲས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་ཆོས་ཉིད་ལྟར་ལས་ཀ་སྒྲུབ་ཏེ། ཏན་ཏན་ཏིག་ཏིག་གིས་བྱ་བ་བཟང་བོར་བསྒྲུབ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་དམིགས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ཟབ་མོ་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་བཏང་ནས། སྤྱི་བའི་མ་དངུལ་དང་རྒྱུ་ནོར་བདེ་འཇགས་དང་ནུས་ལྡན་སྒོས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ལ་དམ་དུ་དམིགས་ནས་རུལ་སུངས་འབྱུང་སླ་བ་དང་འབྱུང་ཚད་མང་བའི་སྣང་ཚུལ་བཀག་འགོག་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་ཟབ་མོ་བྱས་ཏེ། རྩ་ལག་མཉམ་བཅོས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་འབད་འཐབ་བྱེད་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གི་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ(ཏང་ཨུ)ཡིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། འགན་ཁུར་ཤེས་པ་དང་འགན་འཁྲི་ཁུར་བ། འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། རུལ་སུངས་འགོག་པ་དང་སྲིད་གཙང་ལ་སྐུལ་བའི་ལམ་ལུགས་ཀྱི་འགག་རྒྱ་ཇེ་དམ་དུ་བཏང་ནས། དབང་ཆའི་ལག་བསྟར་མཐའ་མཚམས་གསལ་བོར་གཏན་ཁེལ་བྱེད་པ་དང་། ལམ་ལུགས་ཀྱི་གཅུན་སྡོམ་ཇེ་དྲག་ཏུ་གཏོང་དགོས། ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ། སྲིད་བརྩོན་སྲིད་གཙང་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་བར་ཁག་ཐེག་བྱེད་དགོས།
དམངས་སྲིད་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་། ཧོ་ནན་ཞིང་ཆེན་སྲིད་གཞུང་། ཡུན་ནན་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ཏུ་གཏམ་བཤད། །




