ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ཐུག་འཕྲད་གནང་།
| 2026-01-30 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མུའུ་ལ་ཐུག་འཕྲད་གནང་བ་རེད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱིན་ཇིས་ཡུན་རིང་བརྟན་བརླིང་གི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་ཡོད། ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་དྲ་ཆེ་ཞིང་། ཀྲུང་གོ་དང་དབྱིན་ཇི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་གནས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་པས། འཛམ་གླིང་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་ཡིན་ན་འདྲ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་དམངས་འཚོར་སྐུལ་སྤེལ་གང་ཡིན་རུང་། ཚང་མར་གླེང་མོལ་དང་མཉམ་ལས་ཇེ་དྲག་གཏོང་དགོས། ཀྲུང་གོས་དབྱིན་ཇི་དང་ལོ་རྒྱུས་ཀྱི་ལྟ་བ་རྒྱུན་འཛིན་དང་། འགལ་ཟླ་བརྒལ་ནས་ཕན་ཚུན་བརྩི་བཀུར། ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱི་གཏིང་ཤུགས་དེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ལ་བསྒྱུར་ནས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དང་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྐྲུན་པར་མ་ཟད་འཛམ་གླིང་ལའང་ཕན་ཐོགས་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཕན་ཚུན་ཡིད་ཆེས་བྱེད་རྒྱ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་བརྟན་པོར་འགྲོ་བའི་རྨང་གཞི་ཡིན། ཀྲུང་གོས་ནམ་ཡང་ཞི་བས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད་ལ།གཏན་ནས་དམག་འཁྲུག་སློང་མ་མྱོང་ལ། རྒྱལ་ཁབ་གཞན་པའི་ས་གཞི་མཐོ་གང་ཡང་བཙན་བཟུང་བྱས་མ་མྱོང་། ཀྲུང་གོ་འཕེལ་རྒྱས་ཅི་འདྲ་ཆེ་ནའང་རྒྱལ་ཁབ་གཞན་པར་འཇིགས་གནོད་མི་བྱེད། ཀྲུང་གོའི་རིག་གནས་སྲོལ་རྒྱུན་ནི་ཞི་བདེ་བླ་མེད་ཡིན་པས།དགོས་རྒྱུ་དེ་ཞི་བས་མཐུན་ཞིང་གཅིག་མཚུངས་མི་བྱེད་པ་དེ་རེད། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་མཉམ་རྒྱལ་ཡིན། དལོ་ནི་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་རེད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་སྨན་བཅོས། དངུལ་རྩ། ཞབས་ཞུའི་ལས་རིགས་གཉིས་ཁེ་མཉམ་ལས་རྒྱ་སྐྱེད་པ་དང་། མི་བཟོས་རིག་ནུས་དང་སྐྱེ་དངོས་ཚན་རིག ནུས་ཁུངས་གསར་པ་དང་ཐཱན་ཉུང་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཞིབ་འཇུག་དང་ཐོན་ལས་ལུགས་བསྒྱུར་བྱས་ནས། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། དབྱིན་ཇིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་བདེན། མཐོང་ཆུང་མིན་པའི་ཚོང་གཉེར་ཁོར་ཡུག་སྐྲུན་པའི་རེ་བ་ཡོད། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་རིག་གནས་དར་བའི་རྒྱལ་ཁབ་ཆེན་མོ་ཡིན་པས། གཉིས་ཀས་མིའི་རིགས་ཀྱི་འཕེལ་རྒྱས་གོང་འཕེལ་ལ་བྱས་རྗེས་གལ་ཆེན་བཞག་མྱོང་། ཕྱོགས་གཉིས་ཀྱིས་མི་ཆོས་རིག་གནས་བརྗེ་རེས་ཟབ་མོ་བྱེད་པ་དང་། མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་སྐྲུན་དགོས། དབྱིན་ཇིའི་སྲིད་གཞུང་དང་གྲོས་ཁང་། ས་གནས་ཀྱི་ལས་རིགས་སོ་སོས་ཀྲུང་གོ་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཡོད་ལ། ཀྲུང་གོ་ལ་ཁྱོན་ཡོངས་དང་དོན་དངོས། ཡང་དག་པའི་ངོས་འཛིན་ཇེ་དྲག་གཏོང་དགོས། ཀྲུང་གོས་དབྱིན་ཇི་ལ་ངེད་ཕྱོགས་ཀྱི་མཐོང་མཆན་འགོད་པའི་བསམ་བློ་ཡང་དག་ཡོད་ཅེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་དུས་ཡུན་ཞིག་རིང་ལ་ཁེར་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་ཆབ་སྲིད་གང་མོས་དར་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གནོད་པ་ཚབས་ཆེན་བཟོས། རྒྱལ་སྤྱིའི་བཅའ་ཁྲིམས་དེ་རྒྱལ་ཁབ་སོ་སོས་བརྩི་སྲུང་བྱེད་ན་ད་གཟོད་དངོས་སུ་གོ་ཆོད་པ་དང་།ལྷག་པར་དུ་རྒྱལ་ཁབ་ཆེན་པོས་འགོ་ཁྲིད་དགོས་ལ། དེ་མིན་ན་དྲག་རྒྱལ་ཞན་ཕམ་ལ་འགྱུར་སྲིད། ཀྲུང་གོ་དང་དབྱིན་ཇིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་དང་ལག་བསྟར་བྱེད་པ་དང་། སྔར་བས་དྲང་བདེན་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་ཅི་ཐུབ་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་སྣ་མང་ཅན་དང་ཡོངས་ཕན་ཁོག་ཡངས་ཀྱི་འཛམ་གླིང་ཅན་མངོན་འགྱུར་ཐུབ་པར་བྱེད་དགོས་ཞེས་གསུངས།
སི་ཐ་མའོ་ཡིས་རྒྱལ་པོ་ཁྲ་ཨེར་སི་སྐུ་ཕྲེང་གསུམ་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་གནང་ཐོག ང་རང་ལོ་བརྒྱད་རིང་ཀྲུང་གོར་འཚམས་འདྲི་བྱེད་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐོག་མར་གྱུར་པར་དགའ་པོ་བྱུང་། ཐེངས་འདིར་ངས་དབྱིན་ཇིའི་བཟོ་ཚོང་དང་རིག་གནས་ཁྱབ་ཁོངས་ཀྱི་སྐུ་ཚབ་གལ་ཆེན་དྲུག་ཅུ་ལྷག་ཁྲིད་ནས་དབྱིན་ཇི་དང་ཀྲུང་གོའི་མཉམ་ལས་ཀྱི་གཞི་ཁྱོན་དང་། དབྱིན་ཇིས་ཀྲུང་གོར་མཉམ་ལས་ཇེ་ཟབ་གཏོང་བའི་ཆོད་སེམས་མཚོན་ཡོད། དབྱིན་ཇི་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འགན་བཞེས་པའི་ལས་འཛིན་རྒྱལ་ཁབ་ཡིན། མིག་སྔའི་གཡོ་འགུལ་ཆེ་ཞིང་ཉམ་ཐག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་དབྱིན་ཇིས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོ་དང་ཡུན་རིང་བརྟན་བརླིང་གི་ཁྱོན་ཡོངས་འཐབ་ཇུས་འབྲེལ་བ་འཛུགས་པ་དེ་ཧ་ཅང་གལ་ཆེན་ཡིན། དབྱིན་ཇིས་ཐའེ་ཝན་གནད་དོན་ཐོག་ནས་ཡུན་རིང་ལག་བསྟར་བྱེད་པའི་སྲིད་ཇུས་ལ་འགྱུར་བ་མེད་ལ། འགྱུར་བའང་གཏོང་མི་སྲིད། དབྱིན་ཇིས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཁ་བརྡ་དང་སྤེལ་རེས་ཇེ་ཟབ་གཏོང་བ། ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་ལ་རམ་འདེགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། མི་དམངས་འགྲོ་འོང་ཅི་ཙམ་ཇེ་མང་ཕྱིན་ན་དེ་ཙམ་གྱི་རྒྱུས་ལོན་ཇེ་ཟབ་འགྲོ་བར་ཕན་པ་ཡོད་པས། དབྱིན་ཇིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་འགྲོ་འོང་ཇེ་དྲག་གཏོང་འདོད་ཡོད། ཞང་ཀང་འབྱོར་ཕྱུག་བརྟན་བརླིང་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ལ། ཞང་ཀང་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བའི་དམིགས་བསལ་གྱི་འབྲེལ་ཟམ་གལ་ཆེན་དུ་འགྱུར་བར་དགའ་བསུ་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གནད་འགག་གི་ནུས་པ་འདོན་པ་དང་། དབྱིན་ཇིས་ཀྲུང་གོ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ཐད་ནས་མཉམ་ལས་ཇེ་དྲག་བཏང་ནས་འཛམ་གླིང་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ཝང་དབྱིས་ཐུག་འཕྲད་ནང་ཞུགས་པ་རེད།




