འཕྲིན་ཕྲན་ནང་ནས་དངུལ་བསྐུར་སྐབས་དཔང་ཡིག་འདི་ལེན་རྒྱུ་གལ་ཆེ་བ་རེད།
| 2026-02-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
འཕྲིན་ཕྲན་ནང་ནས་དངུལ་བསྐུར་སྐབས་དཔང་ཡིག་འདི་ལེན་རྒྱུ་གལ་ཆེ་བ་རེད།
འཕྲིན་ཕྲན་ནམ་སྐད་འཕྲིན་ནང་གི་དངུལ་བསྐུར་བའི་བྱེད་ནུས་ལ་ལྐོག་གཡོ་གནས་སྲིད་དམ་ཞེ་ན། དངུལ་བརྒྱུད་སྤྲོད་བྱེད་དུས་གོ་རིམ་འདི་ལྟར་མ་བྱས་ན་གྱོང་ཁ་ཕོག་ཉེན་ཡོད་པས་གཟབ་གཟབ་བྱེད་རྒྱུ་གལ་ཆེ། རྒྱུན་དུ་འཕྲིན་ཕྲན་སྤྱད་ནས་དངུལ་བསྐུར་མཁན་ཚོས་དངུལ་སྐུར་ཚར་རྗེས་དཔང་རྟགས་སུ་པར་ཞིག་བླངས་ནས་བཞག་ན་འགྲིག་སྣང་ཤར་གྱི་ཡོད་ན་ཡང་། འོན་ཀྱང་འདི་ནི་བློ་ཁེལ་ཆོག་ཆོག་ཞིག་ཡིན་པ་མ་རེད། གལ་སྲིད་སྐད་འཕྲིན་ནང་གི་སྐད་ཆ་བཤད་པའི་ཟིན་ཐོ་བསུབ་ཚར་ན་པར་རྐྱང་པས་གོ་ཆོད་ཀྱི་མེད་པ་རེད། ལྷག་པར་དུ་དངུལ་གཡར་བ་དང་དངུལ་འབོར་ཆེན་བརྒྱུད་བསྐུར་བྱེད་སྐབས་རྩོད་གླེང་ངམ་གཏུག་བཤེར་གྱི་དཔང་རྟགས་དགོས་པའི་གནས་ཚུལ་འདྲ་བྱུང་ན་དངུལ་བསྐུར་ཡོད་པའི་དཔང་ཡིག་ནི་ཧ་ཅང་གལ་ཆེ་བ་རེད། དེར་བརྟེན་འཕྲིན་ཕྲན་ནང་འདིའི་ཐད་ཀྱི་བདེ་འཇགས་བྱེད་ནུས་བཞག་ཡོད་པ་རེད། བྱེད་ནུས་འདི་ལས་ཁྱེད་རང་གིས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་དཔང་ཡིག་ལེན་ཐུབ་པས་གཤམ་གྱི་ཐབས་ལམ་འདི་ལ་གཟིགས་པར་ཞུ། ཐོག་མར་དངུལ་བསྐུར་དུས་དངུལ་བསྐུར་བའི་གསལ་བཤད་སྣོན་དགོས། ཕ་རོལ་པོས་དངུལ་བླངས་ཚརརྗེས། སྐད་འཕྲིན་ཁ་ཕྱེ་ནས་【ང་】→【ཞབས་ཞུ།】→【དངུལ་ཁུག】→【རྩིས་ཐོ།】→【རྩིས་ཐོ་ཡོངས་རྫོགས།】→【སྒོར་མོ་སྤྲོད་ལེན།】→【གཏན་འཁེལ།】→ཁྱེད་ཀྱིས་བསྐུར་བའི་དངུལ་གྱི་སྤྲོད་ལེན་གྱི་ཟིན་ཐོར་མནན་རྗེས།→གཡོན་འོག་ཏུ་→【དངུལ་སྤྲོད་ལེན་གྱི་གློག་རྡུལ་དཔང་ཡིག་འགོད་ས།】→མཐོང་རྒྱུ་ཡོད་པ་དང་།→ མཇུག་ཏུ་→【རེ་ཞུ།】ཞེས་པ་མནན་ན་འགྲིག་པ་རེད། སྐར་མ་ཁ་ཤས་རྗེས་སུ་སྐད་འཕྲིན་ཐོག་ནས་ཁྱེད་ལ་དཔང་ཡིག་འདི་འདྲ་ཞིག་བསྐུར་གྱིན་ཡོད་པས་དེ་ཉར་ཚགས་ཡག་པོ་བྱས་ན་ཆོག









