བསམ་བློ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།
| 2026-02-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལོ་གསར་པའི་ནང་། དུད་ཁྱིམ་དུང་ཕྱུར་མང་པོའི་དོ་ཁུར་ཆེ་བའི་དོན་དག་ལ་དམིགས་ནས། རྒྱལ་ཁབ་ཀྱིས་དམངས་འཚོའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དམངས་འཚོའི་རྨང་གཞི་ཇེ་བརྟན་བཏང་། ད་ལོའི་ལོ་མགོར། ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ཁལ་ཡོད་པའི་མང་ཚོགས་ལ་སྒོར་དུང་ཕྱུར་ཆིག་སྟོང་བཞི་བརྒྱ་བཅུ་ཁ་གསབ་རོགས་དངུལ་སྔ་སྣུར་བྱས་ནས་སྤྲད་པ་དང་། ས་གནས་ཁག་གིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མ་མཐའི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བ་དང་སྤྲི་སྐྱིད་ངང་དུས་ཆེན་གཏོང་བར་འགན་སྲུང་བྱེད་པ་རེད། མི་སེར་ལ་དྲོད་ཁོལ་སྦྱིན་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ཐུགས་ཁུར་རེད། ལོ་རེའི་དཔྱིད་གསར་དུས་ཆེན་མ་ཤར་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ལགས་ནི་གྲང་ངར་ཆེ་ཞིང་ཁ་བ་བབས་ཀྱང་མི་སེར་གྱི་ཁྲོད་དུ་ཕེབས་ནས། མི་དམངས་ཀྱི་གནས་ཚུལ་དང་འདོད་བློར་རྒྱུས་ལོན་བྱེད་པ་དང་། མི་སེར་གྱི་རེ་འདུན་ལ་གསན་པ། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་རེད། ཁོང་ཉིད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ནང་ཕེབས་ནས། ཁོ་ཚོས་དགུན་སྐྱེལ་སའི་སྡོད་ཁང་དྲོན་པོ་ཡིན་མིན་དང་། གཞི་རྩའི་འཚོ་བའི་འགན་སྲུང་ཇི་འདྲ་ཡིན་པ། དུས་ཆེན་སྐབས་ཀྱི་ཚོང་རར་ཕེབས་ནས། ལོ་སར་ཚོང་ཟོག་གི་རིགས་འདང་ངེས་ཡིན་མིན་དང་། མཁོ་འདོན་འདང་ངེས་ཡིན་མིན་ལ་རྒྱུས་ལོན་ཞིབ་མོ་གནང་བ་རེད།
མི་སེར་དང་མཉམ་དུ་བསྡད་དེ་ཁ་བརྡ་བྱེད་པ་དང་ཡོང་འབབ་རྩིས་ལེན་བྱས་ནས། ཚང་མའི་དཀའ་ངལ་དང་དགོས་མཁོ་ལ་རྒྱུས་ལོན་གནང་བ་རེད། ༢༠༢༦ལོའི་ལོ་སར་གྱི་ཤིས་ཚིག་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེ་ལྡན་པའི་གསུང་བཤད་ལས་ང་ཚོ་ཚང་མའི་སེམས་ལ་དྲོད་ཁོལ་སྦྱིན་ཡོད། ཁོང་གིས་ཚལ་འབྲས་སྣུམ་ཚྭ་སོགས་དང་ཇ་ཡུན་གསུམ། དུས་ཚིགས་བཞི། དུད་ཁྱིམ་རེ་རེའི་ཁྱིམ་གཞིས་ཆུང་ཆུང་ལ་དྲོད་སྐྱིད་ལྡན་ན། ཀྲུང་གོའི་ཁྱིམ་གཞིས་ཆེན་མོར་དར་རྒྱས་ཡོང་ངེས་ཞེས་གསུངས། ལོ་གསར་པའི་ནང་། ཀྲུང་དབྱང་ནས་ས་གནས་བར་སྟོབས་ཤུགས་གང་ཡོད་བཏོན་པ་དང་མཐུན་སྦྱོར་ཟབ་མོ་བྱས་ནས། དམངས་འཚོའི་སྲིད་ཇུས་གསར་པ་རབ་དང་རིམ་པ་བཏོན་པ་དང་། མི་གསོ་སྐྱོང་ཐད་གཏོང་འཇོག་བྱེད་པ། དམངས་འཚོར་ཕན་བདེ་བསྐྲུན་པ་བཅས་བྱས་ནས། རྒན་རྒོན་རེ་དང་བྱིས་པ་རེར་བདག་སྐྱོང་ཡག་པོ་ཐུབ་པར་བྱ་དགོས། སྐྱེས་མ་ཐག་པ་ནས་ལོ་གསུམ་བར་གྱི་བྱིས་པར་ལོ་རེར་བུ་བཙའི་ཁ་གསབ་རོགས་དངུལ་སྒོར་སུམ་སྟོང་དྲུག་བརྒྱ་རེ་ཡོད་པའི་༢༠༢༥ལོའི་རྨང་གཞིའི་སྟེང་། མུ་མཐུད་དུ་ལེན་པའི་བྱེད་ནུས་ཁ་སྣོན་དང་། རེ་ཞུའི་གོ་རིམ་ལེགས་བཅོས་བྱེད་པ་རེད། ད་ལོར་རྒྱལ་ཡོངས་སུ་ད་དུང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་འདུས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སྟོང་གཅིག་ནས་བྱིས་པའི་རྒྱུན་མཐོང་ནད་དང་། མང་འབྱུང་ནད་སྨན་བཅོས་བྱེད་པའི་ཞབས་ཞུ་ཁ་སྣོན་བྱེད་པ་དང་། ཀུན་ཕན་བུ་བཅོལ་གྲངས་ཀ་འབུམ་གཅིག་ཁྲི་ལྔ་ཁ་སྣོན་བྱེད་པ་རེད།
བྱིས་པ་སྔ་ལས་འཚར་ལོངས་བདེ་མོ་དང་སྐྱིད་པོ་གཏོང་བཅུག་དགོས། རྒན་རྒོན་གྱི་ཚེ་མཇུག་སྐྱིད་པོ་ཡོང་བར་དམིགས་ནས་རྒྱལ་ཁབ་ཀྱིས་རྒན་གསོ་ལས་ཁུངས་འདུས་ཁུལ་དུ་མགྱོགས་པ་འཛུགས་པ་དང་རྒན་རྒོན་ཟས་ཁང་དང་། འགུལ་སྤྱོད་ལུས་འཁྲུད་གནས་བཙུགས། དྲེད་འགོག་ཉེན་བརྡ་ཆས་དང་རིག་ནུས་ལྟ་སྐུལ་ཚད་ལེན་ལག་འཁོར་སོགས་སྲོག་ཤིང་ལས་གཞི་རིགས་ཉེར་ལྔ་ལ་ཁྱིམ་སྡོད་རྒན་འཚམ་ཅན་ལེགས་བཅོས་ལ་ཁ་གསབ་སྤྲད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ། དུས་ཡུན་རིང་བའི་ནད་གཡོག་ཉེན་འགོག་འགན་སྲུང་ལམ་ལུགས་དེ་ཚོད་ལྟ་བྱེད་ས་ནས་ཁྱོན་ཡོངས་འཛུགས་པར་བསྒྱུར། མིག་སྔར་རྒྱལ་ཡོངས་འབྲིང་རིམ་ཡན་གྱི་རང་མགོ་མི་ཐོན་པའི་རྒན་རྒོན་ལ་རྒན་གསོ་ཞབས་ཞུ་འཛད་སྤྱོད་གསབ་དངུལ་ལེན་པ་དང་། ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་བཏང་། ད་ལོར་དམངས་ཡོངས་བདེ་ཐང་འགོག་རགས་སྔ་ལས་ཇེ་བརྟན་དུ་ཆགས། རྒྱལ་ཁབ་སྨན་བཅོས་འགན་སྲུང་དཀར་ཆག་ནང་སྨན་རྫས་རིགས་བརྒྱ་དང་བཅུ་བཞི་ཇེ་མང་བཏང་། སྲོག་སྐྱོབ་བའི་སྨན་སྔ་ལས་མང་པོས་མི་སེར་ལ་ཕན་ཐོགས། སྒོར་དུང་ཕྱུར་བཞི་སྟོང་བརྒྱ་དང་རེ་དྲུག་གི་སྨན་བཅོས་ཉེན་འགོག་འགན་སྲུང་གི་ནོར་སྲིད་གསབ་དང་འཛུགས་སྐྲུན་མ་དངུལ་སྔ་ལས་བཀྲམ་པ་དང་། སྔ་ལས་ཚགས་དམ་པའི་དམངས་ཡོངས་བདེ་ཐང་དྲྭ་བ་བཙུགས།
ཞིང་ཆེན་དང་གྲོང་ཁྱེར་སྔ་ལས་མང་པོ་རུ་ལས་སྒྲུབ་པའི་སྨན་བཅོས་ཉེན་འགོག་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་དུ་སྤྱོད་ཆོག ཡུན་རིང་ལ་བེད་སྤྱོད་མེད་པའི་སྒེར་གྱི་རྩིས་ཐོའི་དངུལ་ཐོ་ནི་ཁྱིམ་ཚང་བདེ་ཐང་མ་དངུལ་དུ་ཆགས། དམངས་འཚོ་ཆེས་ཆེ་བ་ལས་ཞུགས་ལ་དམིགས་ནས། ནོར་སྲིད་དང་དངུལ་ལོར། ལས་ཞུགས་སོགས་སྲིད་ཇུས་མཉམ་དུ་ཤུགས་འདོན་པ་དང་། ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་མགྱོགས་པར་འཛུགས། ལས་རིགས་རྨས་སྐྱོན་འགན་སྲུང་ཚོད་ལྟ་གནས་དེ་རྒྱལ་ཡོངས་སུ་རྒྱ་སྐྱེད་པ་དང་། ལས་ཞུགས་རྣམ་པ་གསར་པའི་མི་སྣ་ལ་འགན་སྲུང་སྔ་ལས་ཡག་མོ་ཡོད་རྒྱུ་རེད། མིག་སྔར་༢༠༢༦ལོའི་དཔྱིད་རླུང་བྱ་སྤྱོད་དེ་རྒྱལ་ཡོངས་སུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ཆེད་དོན་གདན་ཞུ་ཚོགས་པ་རིགས་སོ་སོ་དང་ལག་རྩལ་གསོ་སྦྱོང་རིགས་སོ་སོ་གཅིག་བསྡུས་ཀྱིས་ཚོགས་བཞིན་ཡོད་པ་རེད། སྒོ་ཁ་ནས་ལས་ཞུགས་ཐུབ་པས་མིའི་སེམས་སྔ་ལས་སྐྱིད།
དཔྱིད་གསར་དུས་ཆེན་ཤར་རན་པ་དང་བསྟུན་ནས། ཁྱིམ་ཚང་ཚང་མས་གུང་གསེང་འདི་ཅི་འདྲས་གཏོང་དགོས་པ་བསམ་བློ་གཏོང་བཞིན་ཡོད་དེ། ཞིང་ཆེན་དང་གྲོང་ཁྱེར་མང་པོས་གཅིག་རྗེས་གཉིས་མཐུད་དུ་བཟའ་བཏུང་དང་རིག་གནས་ཡུལ་སྐོར། ལུས་རྩལ་སོགས་རྣམ་པ་མང་པོའི་འཛད་སྤྱོད་པ་སེ་བཀྲམ། ཚང་མའི་རིམ་པ་མང་བའི་ཁྱད་ལྡན་གྱི་འཛད་སྤྱོད་དགོས་མཁོ་བསྐངས། ད་ལོར་རྒྱལ་ཁབ་ཀྱིས་འཛད་སྤྱོད་རྫས་རྙིང་པས་གསར་པར་བརྗེ་བའི་བྱེད་སྒོ་སྐོར་གསར་པ་སྤེལ་བ་དང་། ས་གནས་ཁག་གིས་རྒྱལ་ཁབ་ཁ་གསབ་སྲིད་ཇུས་སྒོ་ཁར་བསྒྲགས་པ་དང་།
རྫོང་ཁོངས་ཁྱད་ལྡན་ཅན་གྱི་རིག་ནུས་ཁྱིམ་གློག་འདོན་ནས། རིག་ནུས་མིག་ཤེལ་དང་། རིག་ནུས་ཁྱིམ་སྡོད་ཐོན་རྫས་ཉོ་པ་ནི་མི་མང་པོས་རང་ཉིད་ལ་སྤྲད་པའི་ལོ་གསར་ལེགས་སྐྱེས་སུ་ཆགས། ལོ་གསར་པའི་ནང་དུ། སྐྱིད་པའི་འཚོ་བ་གཏོང་། དམངས་འཚོ་འགན་སྲུང་བྱེད་པའི་བེད་སྐྱིད་རེའུ་མིག་རེ་རེ་བཞིན་ལག་བསྟར་བྱེད་པ་དང་། སྔ་ལས་བདེ་སྐྱིད་ལྡན་པའི་དམངས་འཚོའི་རྣམ་པ་གཏོད་བཞིན་ཡོད་པ་རེད།




