ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་གནང་།
| 2026-02-11 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་གནང་ནས། དག་བཅོས་བཟོས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་ཁྱབ་བསྒྲགས་བྱས་ཏེ། བཀའ་རྒྱུ་འདི་༢༠༢༦ ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཉིན་ལག་བསྟར་བྱ་རྒྱུ་རེད།
སྲོལ་ཡིག་དག་བཅོས་བྱེད་པའི་ནང་དོན་གཙོ་བོར། གཅིག་ནི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་འཐུས་ཚང་གཏོང་བ། གཉིས་ནི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་གཏན་འཁེལ་གསལ་པོ་བྱས་ཡོད་དེ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་བྱེད་པ་དེ་རི་སྔོན་པོ་དང་ཆུ་དྭངས་མ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྲུང་སྐྱོང་དང་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་འགྱུར་ཡོང་བར་བྱེད་དགོས། གསུམ་ནི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལམ་ལུགས་བཅོས་བསྒྱུར་ཐད་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བཞི་ནི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཚད་ལྡན་གཏོང་བ། ལྔ་ནི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དོ་དམ་བྱེད་ཤུགས་ཇེ་དྲག་གཏོང་བ། དྲུག་ནི་བཅའ་ཁྲིམས་ཀྱི་འགན་འཁྲི་ཇེ་ནན་དུ་གཏོང་ཡོད་པ་དང་། སྔར་ལས་ལྷག་པར་ཁྲིམས་ཐག་གཅོད་དགོས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་རིགས་སྣ་དང་ཁྲིམས་འཛིན་གཙོ་གཞི་གཏན་འཁེལ་གསལ་པོ་བྱས་ནས་ཆད་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་རེད།




