8月7号 我们在蓝色八宿不见不散
| 2023-08-05 来源:香巴拉资讯 | 分享: |
དཔའ་ཤོད་ཀྱི་ཁྱབ་བསྒྲགས་བརྙན་ཐུང་གི་ནང་དོན།
卓卓康巴 蓝色八宿
邂逅康巴 浪漫同行
远离城市喧嚣
自有一份安然在这里静候
སྤྲོ་སྤྲོ་ཁམས་པ། མཐིང་མདོག་གི་དཔའ་ཤོད།
གནས་མཆོག་ཁམས་པའི་ཡུལ་ནས། སྐྱིད་པའི་དཔལ་ལ་རོལ་ཆོག
གྲོང་ཁྱེར་གྱི་འུར་ཟིང་དང་རིང་ནས་གྱེས་དང་།
གནས་འདི་རུ་ཁྱེད་ལ་བདེ་སྐྱིད་ཀྱི་ལོག་མལ་ཞིག་ཡོད།
天际绿野 邦达草原
在这里 感受风吹云散的惬意
安枕如茵绿毯遥看亘古星空
མུ་མཐའ་བྲལ་ཞིང་ལྗང་མདོག་གིས་བརྒྱན་པའི་སྤང་མདའ་རྩྭ་ཐང་།
གནས་འདི་ནས། ཁྱེད་ཀྱིས་སྤྲིན་དཀར་པོ་དང་རླུང་བསིལ་བུའི་དཔལ་ལ་རོལ་ཞིང་།
ཐང་ཡངས་མོ་གདན་དང་རྩྭ་ལྗང་ལོ་གོས་སུ་བྱས་ནས་སྐར་ཚོགས་ལ་ལྟད་མོར་གཟིགས་ཆོག
天堂之泪 然乌湖畔
在这里 拥住一汪柔情的碧波
眺望雪峰映清潭的仙赋美景
གནམ་རྒན་མའི་སྤྱན་ཆབ་ས་ལ་ལྷུང་བ་ལྟ་བུའི་ར་མགོ་མཚེའུ།
གནས་འདི་རུ། ཆུ་དྭངས་མོའི་རླབས་རིས་རི་མོ་བཞིན་མཛེས་ཤིང་།
གངས་དཀར་པོའི་བརྗིད་ཉམས་མཚོ་ལ་ཉར་བའི་ངོ་མཚར་གྱི་ལྟད་མོ་མཐོང་ཐུབ།
天赐冰蓝 来古冰川
在这里 一睹千年不化的晶莹
洗去尘世间的烦恼悲欢
གནམ་གྱི་དགུ་ཚིགས་ས་ལ་ཕབ་འདྲའི་གནའ་བོ་འཁྱག་ཀློང་།
གནས་འདི་རུ། ལོ་ངོ་སྟོང་ཕྲག་མང་པོར་གཞོམ་གཞིག་བྲལ་བའི་ཤེལ་གྱི་འཁྱག་ཀློང་ལ་ལྟ་བཞིན།
འཚོ་བའི་སྡིག་སྒྲིབ་ཡོངས་སུ་དག་པར་བྱེད་ཆོག
天路奇观 怒江72拐
在这里 走过人生最多的弯路
愿君此去万里皆为坦途
ལྷ་ལམ་གྱི་བརྗིད་ཉམས། རྒྱལ་མོ་རྔུལ་ཆུའི་ཀྱོག་མཚམས་དོན་གཉིས།
གནས་འདི་ནི་མི་ཚེའི་ནང་ཀྱོག་མཚམས་བརྒྱུད་པ་ཆེས་མང་པའི་ས་ཆ་ཡིན་པས།
སྐུ་ཉིད་གནས་འདི་བརྒྱུད་རྗེས་མི་ཚེའི་ལམ་ཁ་སྔར་བས་ཡངས་པར་ཤོག
西望见雪山 山雪同一脉
因为热爱 所以不再等待
现在 就将你的心交给蓝色八宿
让八宿为你送上一份来自旷古高原的礼物
ནུབ་ཀྱི་གངས་རི་བརྗིད་ཉམས་ཆེ། གངས་དང་རི་བོ་གཞི་གཅིག་ཏུ་འདྲེས།
དུང་བའི་དབང་གིས། ད་ནི་སྒུག་པར་མི་བྱ།
ད་ལྟ་ཉིད་དུ། ཁྱེད་ཀྱི་ནང་སེམས་མཐིང་མདོག་གི་དཔའ་ཤོད་ལ་གླན་པར་གྱིས།
སྐྱིད་པའི་དཔའ་ཤོད་ཀྱིས་ཁྱེད་ལ་མཐོ་སྒང་གི་ལེགས་སྐྱེས་འབུལ་ངེས།
2023八宿冰川文化旅游艺术节 欢迎您
༢༠༢༣ལོའི་དཔའ་ཤོད་འཁྱག་ཀློང་རིག་གནས་ཡུལ་སྐོར་དང་སྒྱུ་རྩལ་དུས་སྟོན་གྱིས་ཁྱེད་ལ་དགའ་བསུ་ཞུའོ།



