༄༅།།སློབ་ཆེན་རྩེ་གྲ་12བདམས་ཐོན་བྱུང་བ་དང་སློབ་གསོ་པུས་མིང་ཐོ་གལ་ཆེན་ཁྱབ་བསྒྲགས་བྱས་པ།
| 2021-05-28 | 分享: |

མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སློབ་གསོ་པུས་ཉེ་སྔོན་ཁག་དང་པོའི་འབྱུང་འགྱུར་ལག་རྩལ་སློབ་གླིང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་སློབ་ཆེན་12བདམས་ཐོན་བྱུང་བ་རེད།
འབྲེལ་ཡོད་བརྡ་ཐོའི་ནང་བསྟན་དོན། ཁག་དང་པོའི་སློབ་གླིང་གིས་སློབ་གླིང་འཛུགས་སྐྲུན་བྱེད་པར་འཛུགས་སྐྲུན་གྱི་དམིགས་ཡུལ་ཁ་གསལ་བཟོས་ནས་རྒྱང་ལྟའི་རང་བཞིན་དང་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་ལག་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་ཀྲུང་གོའི་བཟོ་སྐྲུན་ནས་ཀྲུང་གོའི་གསར་གཏོད་གྱི་རིགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་མཐོ་རིམ་སློབ་གསོར་བརྟེན་པའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། ཚད་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་རྨང་གཞི་འདིང་དགོས།
སྣ་མང་འཚོལ་ཞིབ་བྱས་ནས་ཐོན་ཁུངས་སྤུས་ལེགས་འདོན་སྤྲོད་དང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱ་རྒྱུ་འགན་སྲུང་དུ་བྱེད་པ། འབྱུང་འགྱུར་ལག་རྩལ་སློབ་གླིང་གིས་རིག་གཞུང་ཚན་ཁག་མང་པོའི་སྣོལ་སྡེབ་ལམ་སྲོལ་འཛུགས་པ་དང་། སྣ་མང་ཅན་གྱི་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ། ཕྱིར་གཏོང་ལམ་ལུགས་ཇུས་འགོད་མཁོ་འདོན་བྱེད་པ། བྱེད་པོ་མང་པོས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་དང་། ཕྱོགས་མང་པོའི་ཕྱོགས་བསྡུས་འཕོ་འགྱུར་འབྱུང་དུ་འཇུག་པ་བཅས་ལ་རྒྱབ་སྐྱོར་བྱ་དགོས། མ་འོངས་པའི་ཚན་རྩལ་འཕེལ་རྒྱས་ལ་སྣེ་ཁྲིད་དང་ལག་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་མཐོ་ས་བསྐྲུན་དགོས།
འབྱུང་འགྱུར་ལག་རྩལ་སློབ་གླིང་གི་སྤུས་ཚད་འགན་ལེན་མ་ལག་འཐུས་ཚང་དུ་བཏང་ནས་སློབ་མའི་ལྟེ་གནས་དང་། ཐོན་སྐྱེད་སྟོན་ཕྱོགས། རྒྱུན་མཐུད་ལེགས་གཏོང་བཅས་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤུས་ཚད་ཀྱི་འདུ་ཤེས་དང་། སྤུས་ཚད་ཀྱི་ཚད་གཞི། སྤུས་ཚད་གདེང་འཇོག སྤུས་ཚད་དོ་དམ་སོགས་འབྱུང་འགྱུར་ལག་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།




