རྒྱང་སྐྱོད་ཀྱི་སྙིང་སྟོབས། ང་ཚོ་ཐུན་མོང་ལ་དབང་བའི་ཕྱིར་དྲན།ཤམ་བྷ་ལ་ཆ་འཕྲིན།拉毛扎西2021-06-29 15:44微信图片_20210629152723.jpgརྒྱང་སྐྱོད་ཀྱི་སྙིང་སྟོབས། ང་ཚོ་ཐུན་མོང་ལ་དབང་བའི་ཕྱིར་དྲན།

ཟླ་༦ཚེས་༢༣ཉིན་མཐོ་སྒང་ལ་སྐར་དམར་འཚེར་ཞེས་པའི་གསར་འགྱུར་བྱ་འགུལ་གྱི་སྒྲོག་གཏོང་ཚོ་ཆུང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་སོང་ནས་རྒྱང་སྐྱོད་སྙིང་སྟོབས་ཀྱི་དུས་རབས་ཀྱི་རྒྱུན་མཐུད་རང་བཞིན་འཚོལ་ཞིབ་བྱས་པ་རེད། ཏང་ནང་ཞུགས་ནས་ལོ་རེ་གཉིས་ལོན་པའི་ཏང་མི་རྒན་པ་ཀྲའོ་ཅ་ལིན་གྱིས་གསར་བརྗེའི་ཁྱིམ་སྲོལ་གྱི་བག་ཆགས་བཟང་པོའི་འོག་རྒྱུན་དུ་དམར་དམག་གི་ཤུལ་བཞག་དངོས་པོ་འཚོལ་བསྡུ་དང་མ་དངུལ་རང་གྲབས་བྱས་ཏེ་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་བཙུགས་ནས་གསར་བརྗེའི་དྲན་ཤེས་བསྐྱར་དུ་མངོན་པར་བྱས་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད།
གནས་འདི་ནི་རྡོ་མཁར་གནའ་གྲོང་ཏན་ཀྲའེ་ཁའི་གསར་བརྗེ་རིག་གནས་བཤམས་སྟོན་ཁང་ཡིན་ལ། རིག་གནས་བཤམས་སྟོན་ཁང་དེ་འཛུགས་མཁན་ནི་ཏང་ནང་ཞུགས་ནས་ལོ་རེ་གཉིས་ལོན་པའི་ཏང་མི་རྒན་པ་ཀྲའོ་ཅ་ལིན་རེད། ཁོང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་དུས་རབས་༢༠པའི་ལོ་རབས་༣༠པར་བྱུང་པ་ཡིན་མོད། དེ་ལས་མཚོན་པའི་ཕུགས་བསམ་དང་དད་སེམས། གསར་བརྗེའི་དཔའ་བོའི་རིང་ལུགས། དཀའ་སྤྱད་འབད་འཐབ་སོགས་ཀྱི་བསམ་བློ་ལ་དུས་རབས་ཀྱི་རིན་ཐང་ཕུན་སུམ་ཚོགས་པོ་ལྡན་ཡོད། དམར་དམག་གིས་བདེ་ཆེན་དུ་བཞག་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ལ་སྔར་བས་རྒྱུན་འཛིན་དང་བསྔགས་བརྗོད་བྱེད་འོས་ཟེར། ༢༠༡༦ལོར་རྒན་པོ་ཀྲའོ་ཅ་ལིན་གྱིས་མ་དངུལ་སྒོར་འབུམ་བརྒྱད་ལྷག་བཏང་ནས་རྡོ་མཁར་གནའ་གྲོང་ཏན་ཀྲའེ་ཁའི་གསར་བརྗེ་རིག་གནས་བཤམས་སྟོན་ཁང་བཙུགས་པ་རེད། ཏང་མི་རྒན་པ་ཀྲའོ་ཅ་ལིན་གྱིས་བཤད་རྒྱུར། ངའི་ཁང་པ་འདི་མ་གཞི་གནའ་གྲོང་དུ་ཚོང་ཁང་ཞིག་ཕྱེ་བསམ་པ་ཡིན། རེད་དེ་དེ་ལ་སྙིང་བོ་ཅི་ཡང་མི་འདུག་པས། ཨ་ཕས་ང་ལ་སྤྲད་པའི་དམར་དམག་གི་ཤུལ་བཞག་དངོས་རྫས་དང་། ངས་ལོ་བཅུ་ལྷག་རིང་དངོས་པོ་མང་པོ་ཞིག་འཚོལ་བསྡུ་བྱས་ཡོད། འདིའི་སྐོར་གྱི་ཕུགས་འདུན་དང་འདོད་མོས་ནི་སྔོན་མ་ནས་ཡོད། ས་ཆ་རེ་རེར་རང་ཉིད་ཀྱི་དངོས་པོ་དང་རིག་གནས་ཡོད་དགོས་རེད། རིག་གནས་མེད་ན་ཡོད་ཚད་སྟོང་པ་རེད་ཟེར།

དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ནི་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་མཚོན་པའི་ལོ་རྒྱུས་ཤིག་ཡིན་ལ། ཀྲའོ་ཅ་ལིན་གྱིས་གསར་འགོད་པར་༡༩༣༦ལོའི་ཟླ་༥པར་དམར་དམག་དཔུང་ཤོག་གཉིས་པ་དང་དྲུག་པ་བྱང་ཕྱོགས་སུ་འཇར་རྒོལ་འགྲོ་སྐབས་བདེ་ཆེན་བརྒྱུད་ནས་སོང་། བོད་རིགས་མང་ཚོགས་དམར་དམག་ལ་རྒྱུས་མངའ་དེ་ཙམ་མེད་པས་དམར་དམག་ལ་དོགས་ཟོན་ཆེན་པོ་བྱས་པས། དམར་དམག་རྩྭ་ཐང་དུ་འགྲོ་སྐབས་མཁོ་བའི་དངོས་ཟོག་འཚོལ་བསྡུ་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་། བདག་གི་ཨ་ཕ་ཀྲའོ་ཨ་དབྱིན་གྱིས་དམར་དམག་ལ་འབྲུ་རིགས་རྒྱ་མ་ཁྲི་གཉིས་ལྷག་ཙམ་གསོག་རོགས་བྱས་ནས་དམར་དམག་མུ་མཐུད་ནས་བྱང་དུ་བསྐྱོད་པར་ཕན་ཆེན་པོ་ཐོགས་ཡོད་ཟེར། ད་ལྟའང་སྐབས་དེར་དམར་དམག་གིས་ཁོའི་ཨ་ཕས་འཇར་འགོག་ལ་མཛད་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུ་ཆེད་ཕུལ་བའི་དངོས་པོ་གསུམ་ཉར་ཚགས་བྱས་འདུག ཏང་མི་རྒན་པ་ཀྲའོ་ཅ་ལིན་གྱིས་བཤད་རྒྱུར། ཨ་ཕས་ང་ལ་སྤྲད་པའི་དངོས་པོ་འདི་གསུམ་པོ་ཁོང་གིས་ཚེ་སྲོག་བཞིན་གཅེས་ནས་ཉར་ཚགས་བྱས་པ་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་ཟེར། ཁོང་ཚོའི་མི་རབས་འདིས་ཐེ་ཚོམ་སྤུ་ཙམ་མེད་པར་དམར་དམག་ལ་རོགས་རམ་བྱས་པ་ནི་ཁོང་གི་གཟི་བརྗིད་རེད། ངས་ཨ་ཕའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས་ཁོང་ཚོ་རྒན་རབས་པ་ཚོའི་སྙིང་སྟོབས་དེ་རྒྱུན་འཛིན་བྱེད་ཡིན་ཅེས་བཤད།

༡༩༥༤ལོར་ཨ་ཕས་ཀྲའོ་ཅ་ལིན་དམག་སྒར་དུ་བསྐྱལ་ཞིང་། ཨ་ཕས་ཀྲའོ་ཅ་ལིན་ལ་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་དམར་དམག་རྒྱང་སྐྱོད་ནི་མི་དམངས་ཀྱི་ཁེ་ཕན་ཆེད་དུ་ཡིན་ཞེས་བཤད་པ་དང་། མི་དམངས་དམག་དཔུང་ནང་ཞུགས་ཡོད་ན་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཛིན་དགོས་ཞེས་བཤད། ཀྲའོ་ཅ་ལིན་གྱིས་ཀྱང་ཨ་ཕའི་རེ་བ་སྟོང་ཟད་དུ་མ་བཏང་བར་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཁུན་མིང་སྐམ་དམག་སློབ་གླིང་ནས་སློབ་མཐར་ཕྱིན་ཅིང་། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་མཐའ་མཚམས་ས་ཁུལ་གྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་གཏོང་བའི་འཐབ་རྩོད་ནང་ཞུགས་པར་ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐའ་མཚམས་བཅིངས་འགྲོལ་དང་མཐའ་མཚམས་འཛུགས་སྐྲུན་གྱི་གཟེངས་རྟགས་གནང་། ཁོང་གིས་ངས་བུ་རྒྱུད་རྣམས་ལ་ཟེར་ཡིན། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལས་སླ་མོ་བྱས་ནས་ཐོབ་པ་མིན་པས། ང་ཚོས་ངེས་པར་དུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་ལ། རང་ཉིད་ཀྱི་ཕྲག་ཏུ་ཡོད་པའི་ལས་འགན་ཡག་པོ་བསྒྲུབ་དགོས། ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་དགོས། ངས་བཤམ་མཛོད་ཁང་འདི་ལས་པ་དེ་ཁོ་ཚོར་མཚོན་ན་སློབ་གསོ་ཡག་པོ་ཞིག་ཀྱང་ཡིན་ཞེས་བཤད།


ཉེ་བའི་ལོ་གཉིས་ནང་ཏང་མི་མང་ཚོགས་དེ་བས་མང་བ་རྡོ་མཁར་གནའ་གྲོང་ཏན་ཀྲའེ་ཁའི་གསར་བརྗེ་རིག་གནས་བཤམས་སྟོན་ཁང་དུ་བསྐྱོད་དེ་དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཤེས་རྟོགས་བྱས་པ་རེད། ལོ་རྒྱུས་ཀྱིས་བསམ་བློར་མཛུབ་སྟོན་གནང་དགོས་ལ། ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་དང་རིག་གནས་ཀྱི་འཚོ་བཅུད་ཡིན། དམར་དམག་རྒྱང་སྐྱོད་བདེ་ཆེན་བརྒྱུད་སྐབས། གསར་བརྗེའི་སྙིང་སྟོབས་ཀྱི་རྒྱུ་ནོར་བཞག་ནས། བདེ་ཆེན་གྱི་བུ་རབས་ཚ་རྒྱུད་དཀའ་ངལ་ལ་མི་སྐྲག་པ་དང་ཡོད་ཚད་ལ་གདོང་གཏོད་ཕོད་པའི་སྙིང་སྟོབས་བསྩལ་ཡོད།


རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། ཞང་ཞུང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།










