英文藏文APP W020161009565839193236.jpg | 微信 111111111.jpg

༢༠༢༡ལོར་ང་ཚོས་ལས་ཀ་བསྒྲུབས་རབས།

2021-12-28 来源:ཤམ་བྷ་ལ་ཆ་འཕྲིན། 作者: 分享:

   གྲོང་གསེབ་དར་རྒྱས་གཏོང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ལས་འགན་གལ་ཆེན་ཞིག་རེད། ༢༠༢༡ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་རྒྱ་ཇེ་ཆེར་བཏང་ནས། རྒྱ་ཆེའི་ཞིང་པ་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེན་པོ་སྟེར་ཡོད། ཚེས་ཉེར་བདུན་ཉིན༢༠༢༡ལོར་ང་ཚོས་ལས་ཀ་བསྒྲུབས་རབས་ཞེས་པའི་ལེ་ཚན་ནང་། ཀྲུང་ཧྭའི་ས་གཞི་ཆེན་མོའི་མཛེས་སྡུག་ལྡན་པའི་གྲོང་སྡེ་རེ་རེ་ལ་སོང་ནས། མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་གསར་པར་རྒྱུས་ལོན་བྱེད། 

   བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི་དཔྱིད་དུས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ་ལས་མཚན་སྙན་རྒྱས། གནས་དེ་རུ་སླེབས་དུས། ཁོད་ཡངས་ཤིང་གྲལ་སྒྲིག་པའི་གྲོང་ཚོའི་རྣམ་པ་དང་། མ་ལུས་ཀུན་འཛོམས་ཀྱི་འཚོ་བའི་སྒྲིག་ཆས། ཁྱད་ཆོས་ལྡན་པའི་བོད་ཁང་། མི་རྣམས་འཚོ་བ་སྐྱིད་པོ་དང་འཆམ་མཐུན་ཡིན་པ་མཐོང་ཐུབ། ལོ་སོ་བདུན་ལོན་པའི་ཟླ་བ་རྒྱལ་མཚན་གྱིས་ད་ལོར་སྐྱེལ་འདྲེན་ལས་ཀ་གཉེར་བ་དང་། ཁམ་བུའི་འདུ་ཚོགས་ཀྱི་བགོ་བཤའ། ཞིང་ས་བཤུག་བརྒྱུད། འདེབས་འཛུགས་གསོ་སྤེལ་སོགས་ལ་བརྟེན་ནས། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། ད་ལོའི་ཟླ་བ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོརུ་ཕེབས་དུས། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་སྣེ་ལེན་བྱས་པ་རེད།

   ཞི་ཅིན་ཕིང་གིས་ཁྱེད་ཚང་ལ་བལྟས་ན། ཁྱིམ་ཚང་སྐྱིད་པོ་ཡིན་པ་ཤེས་ཐུབ། རྗེས་མར་ད་ཡོད་ཀྱི་ལས་ཀ་སོ་སོ་ཡག་པོར་བསྒྲུབས་ནས། རྗེས་རབས་པ་སྔར་བས་གསོ་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

   ཟླ་བ་རྒྱལ་མཚན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ལ་བུ་རྒྱུད་གཉིས་གསོ་སྐྱོང་ཡག་པོ་བྱེད་པ་དང་། རང་གི་ལས་ཀ་ཡག་པོར་སྒྲུབ་དགོས་ཞེས་སྐུལ་མ་གནང་སོང་། ད་ལོར་ཡོང་སྒོ་ཕལ་ཆེར་འབུམ་གསུམ་ཁྲི་ལྔ་ཡོད་རྒྱུ་རེད་ཅེས་བཤད་པ་རེད། 

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་སྐྱིད་པའི་འཚོ་བ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་མཚོན་བྱེད་རེད།  ཁོང་གིས་ས་གནས་དེ་གར་མངག་བཅོལ་གནང་ནས། ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་སྲིད་ཇུས་ལག་བསྟར་ཡག་མོ་བྱེད་དེ་གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་བྱེད་ཅེས་གསུངས། 

   བོད་ལྗོངས་ཉིང་ཁྲི་བྲག་ཡིབ་ཆུས་སྤྲིན་པ་སྲིད་འཛིན་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སྤེན་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ང་ཚོས་རེ་རེ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད། ང་ཚོ་ཀ་ལ་གྲོང་ཚོས་ཁམ་བུ་མེ་ཏོག་མཛེས་ཁུལ་གྱིས་གཙོ་བོ་བྱེད་ཅིང་། ལྗོངས་རྒྱུ་དང་སིལ་ཏོག་འཐུ་བའི་གླིང་། ཞིང་འབྲོག་མང་ཚོགས་སྐྱེལ་འདྲེན་རུ་ཁག་གིས་སྤུས་ལེགས་གནས་ཚང་ཕྱེས་ཡོད། ༢༠༢༡ལོར་ང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་སྒོ་སྒོར་ཁྲི་གསུམ་སྟོང་ལྔ་རེད། བརྒྱ་ཆའི་བཅུ་གཉིས་ཚེག་དགུ་འཕར། ལོ་མཇུག་ལ་ཀྲུང་གོའི་གྲོང་གསེབ་རེ་རེ་ལ་འགྲོ་དུས་ང་ཚོས་གྲོང་གསེབ་དར་རྒྱས་བཏང་ནས་མི་དམངས་ཀྱི་འཚོ་བར་བྱུང་བའི་འགྱུར་ལྡོག་ཆེན་པོ་ཚོར་བྱུང་ཞེས་བཤད།

   ཧྲའན་ཞི་ཞིང་ཆེན་སུའེ་ཏི་རྫོང་ཧའོ་ཅ་ཆའོ་གྲོང་སྡེ་ནི་ས་སེར་མཐོ་སྒང་དུ་ཆགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ས་གནས་དེ་གས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ༢༠༢༠ལོར་མི་འབོར་ཚང་མ་དབུལ་ཕོངས་ལས་བྲལ། ད་ལོའི་ཟླ་བ་གཉིས་པར་དབུལ་ཕོངས་ལས་བྲལ་བའི་ཧའོ་ཅ་ཆའོ་གྲོང་སྡེ་ལ་པེ་ཅིན་དུ་རྒྱལ་ཡོངས་དབུལ་བྲལ་འགག་སྒྲོལ་གྱི་དཔེ་སྟོན་ཞེས་པའི་མཚན་སྙན་བཟང་པོ་ཐོབ།

   ཧྲའན་ཞི་ཡུས་ལིན་ཧྲུའེ་ཏི་རྫོང་ཧའེ་ཅ་ཆའོ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཀྲན་ཞི་ཡིས་ཉིན་དེ་ལ་ལོ་རྒྱུས་དོན་སྙིང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་ཀྲུང་གོ་དབུལ་བྲལ་ཐུབ་ཡོད་ཅེས་ཁྱབ་བསྒྲགས་གནང་། རླབས་ཆེན་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་གྲུབ་འབྲས་རེད་ཅེས་བཤད།

   འགོ་ཚུགས་ས་གསར་པའི་ཐོག་མུ་མཐུད་ནས་འབད་བརྩོན་བྱེད། ཧའོ་ཅ་ཆའོ་གྲོང་སྡེ་ཡིས་སིལ་ཏོག་དང་སྔོ་ཚལ་དྲོད་ཁང་ནང་རྨོ་འདེབས་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་། གྲོང་སྡེའི་ནང་ད་རུང་དཔེ་མཛོད་ཁང་ཞིག་ཡོད་པ་དང་། རོགས་རེས་ཕན་བདེ་གླིང་དང་། འཕྲོད་བསྟེན་ཁང་ཡང་ལུགས་བསྒྱུར་རིམ་སྤར་བྱས།

   ད་ལོའི་ཟླ་བ་དགུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧའོ་ཅ་ཆའོ་གྲོང་སྡེར་ཕེབས་ནས་ཁོང་གིས་བརྩེ་བ་ཟབ་མོས་མི་སེར་ཚོར་འཚོ་བ་སྐྱིད་པོ་གཏོང་བཅུག་པ་ནི་ང་ཚོ་ཏང་གི་འགྱུར་བ་མེད་པའི་དམ་བཅའ་དང་འགན་འཁྲི་ཡིན། གུང་ཁྲན་ཏང་གིས་དོན་དག་འདི་ཡག་མོ་བསྒྲུབས་ནས་གྲུབ་འབྲས་ཡག་མོ་ཐོབ་བཅུག་ཡིན་ཞེས་གསུངས་པ་རེད།

  ཧོ་ཅ་ཆའོ་གྲོང་སྡེ་གྲོང་གསེབ་དར་རྒྱས་ཀྱི་མིག་དཔེར་བསྐྲུན་གང་ཐུབ་བྱེད་དགོས། རྗེས་མར། སུའེ་ཏེ་རྫོང་གིས་ཧོ་ཅ་ཆའོ་གྲོང་སྡེ་ལྟེ་བ་བྱེད་པ་དང་། ཉེ་འཁོར་གྱི་གྲོང་གསེབ་མང་པོ་སྐུལ་ཁྲིད་བྱས་ནས་ཡུལ་སྐོར་སྣེ་ལེན་ཁུལ་དང་གནས་ཚང་ཚོང་ལས་ཁུལ། གསར་བརྗེའི་སློབ་གསོ་རྟེན་གཞི་འཆར་འགོད་དང་འཛུགས་སྐྲུན་བྱས་ནས། ཐོན་ལས་དང་སྐྱེ་ཁམས། ཡུལ་སྲོལ་སོགས་ཀྱི་ཐད་ལས་གཞི་ཉི་ཤུ་ལྷག་གཙོ་བོ་ལག་བསྟར་བྱས་པ་རེད།

   སྐྱེ་ཁམས་བདེ་སྡོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས། ད་ལོར། ཞིན་ཅང་ཧོ་ཐེན་རྫོང་ཏའོ་ཞང་གྲོང་སྡེས་དམངས་སྲོལ་རིག་གནས་གྲོང་སྡེ་བསྐྲུན་ནས། དུད་ཁྱིམ་རེར་ཇུས་འགོད་རེ་དང་། ཁང་པ་རེར་ཁྱད་ཆོས་རེ་ལྡན་པར་བྱས་ནས། མཐུན་བསྒྲིལ་རོགས་རེས་ནས་ཐུན་མོང་ཕྱུག་འགྱུར། མི་རིགས་ཁག་གི་མང་ཚོགས་ཁུ་ཚུར་བཅངས་འདྲའི་མཐུན་བསྒྲིལ་དམ་པོ་བྱས་པ་རེད།

   མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་གྱི་འཕེལ་རིམ་གསར་པའི་ནང་། གཞི་རྒྱ་ཆེ་བའི་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག  ཐོན་ལས་དར་ཞིང་ཞིང་པ་ཕྱུག་པ། གྲོང་གསེབ་མཛེས་སྡུག་ལྡན་པའི་འཆར་འགོད་ལག་བསྟར་བྱས་དང་བྱེད་བཞིན་ཡོད།

   ༢༠༢༡ལོར། ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་སླར་གསོ་དང་གཙང་པོའི་འགྲམ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ། ལེ་ཧྲན་ནས་ཞིན་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་སྔ་རྗེས་སུ་ལས། སི་ཁྲོན་ལིའང་ཧྲན་ལྟེ་གནས་ནས་ཕྱི་རོལ་བར་མགྱོགས་པོར་སླེབས་ཐུབ་པ་བྱས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་ལིའང་ཧྲན་ཁུལ་གྱིས་རང་རྒྱལ་མི་རིགས་ས་ཁུལ་ཐུན་མོང་འབྱོར་ཕྱུག་གི་མིག་དཔེ་བསྐྲུན་བཞིན་ཡོད།

   ༢༠༢༡ལོར། མཚོ་སྔོན་མཚོ་བྱང་གི་མགོ་ལོག་གོང་མ་གྲོང་སྡེའི་མི་རིགས་ཁྱད་ལྡན་གྲོང་སྡེ་འཛུགས་སྐྲུན་དང་། ཨང་ཀི་གྲོང་སྡེ་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས། ཞིང་དུད་ཚང་མས་སྐུད་མེད་དྲ་བ་སྤྱོད་ཐུབ་ཡོད།

   ༢༠༢༡ལོར། ཡུན་ནན་ཚང་ཡོན་གྱི་ཨ་ཝ་ཧྲན་སྡེ་བར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཁང་པ་གསར་པ་ལས་ཡོད། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་མི་སྤུན་ཟླ་ཚོས་དུས་རབས་གསར་པའི་ཨ་ཝ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་གཏོང་ཐུབ་ཡོད། 

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942